འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་གིས་བརྟག་དཔྱད་མཐིལ་རྟོགས་བྱེད་པར་དམངས་ཀྱི་བསམ་འདུན་གསལ་པོར་རྟོགས་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་བླངས་པ་དང་རྒྱལ་སྲིད་སྲུང་བ་ནི་དོན་དུ་མི་དམངས་ཀྱི་བསམ་འདུན་སྲུང་བ་དེ་ཡིན་ཞེས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བརྟག་དཔྱད་ཞིབ་འཇུག་ནི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཡིན” “མཛད་ཕྱོགས་སྲིད་ཇུས་དང་འཕེལ་རྒྱས་འཆར་འགོད་བཟང་པོ་ཚང་མ་མི་དམངས་ཀྱི་འདུན་པར་བསྟུན་པ་དང་མི་དམངས་ཀྱི་རེ་སྒུག་དང་འཚམ་པར་བྱས་ཏེ་མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་དགོས”ཞེས་ནན་བཤད་གནང་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་རང་ཉིད་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པ་བློ་ལ་བརྟན་པོར་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་གཞི་རིམ་དང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དེ་མང་ཚོགས་ལམ་ཕྱོགས་ཀྱི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་བརྩི་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་བརྒྱུད་དམངས་ཀྱི་བསམ་འདུན་གསལ་པོར་རྟོགས་པ་དང་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས་མི་དམངས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས།
     “བྱ་བ་སྒྲུབ་པའི་རྨང་གཞི”དང“བྱ་བ་ལམ་ལྷོངས་ཀྱི་ཐབས་ལམ”ཡིན་པའི་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་པར་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། རྐང་པར་འདམ་བག་འགོས་ཀྱང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་བསམ་འཆར་ཉན་པ་དང་། དཔོན་ཉམས་མེད་པར་མང་ཚོགས་དང་འབྲེལ་འདྲིས་ཀྱིས་ཁོང་ཚོའི་བསམ་ཚུལ་ཤེས་རྟོགས་ནན་ཏན་བྱེད་དགོས་པ་ལས་གཡོ་ཟོལ་སྤུ་ཙམ་ཡང་བྱེད་མི་རུང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་དང་དེ་བཞིན་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་ཚུལ་དངོས་དང་དབུལ་པོ་ངོ་མར་གཟིགས་ཞིབ་མཐའ་འཁྱོངས་གནང་སྟེ“གང་མཐོང་བ་དེ་ག་རང་ཡིན་པའི”ཐོག་ནས་ང་ཚོས་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་པར་མིག་དཔེ་བཟང་པོ་བསྟན་གནང་ཡོད།
     བརྟག་དཔྱད་ཞིབ་འཇུག་བྱེད་པ་ནི་སྐད་ཆ་དྲང་པོ་ཉན་པ་དང་གནས་ཚུལ་དངོས་ལ་རྟོག་ཞིབ་བྱས་ཏེ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་ཡིན་པས། དཀའ་ངལ་མང་བ་དང་། བསམ་འཆར་མང་བ། ལས་ཕྱོད་ཞན་པ་བཅས་ཀྱི་ས་ཆར་མང་ཙམ་ལྟ་བར་འགྲོ་དགོས། གལ་ཏེ་བརྟག་དཔྱད་ཞིབ་འཇུག་ཁོ་ནའི་ཆེད་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། སྐོར་བ་བརྒྱབ་ནས་ལྟ་ཙམ་དང་སྐད་ཆ་ཤོད་ཙམ་བྱས་ན། མང་ཚོགས་ཀྱིས་བློ་གཏད་བཅོལ་མི་སྲིད། གང་ཞིག་ནི་འདྲ་ཆགས་ཆགས་དང་གང་ཞིག་ནི་སེམས་ནུས་བཏོན་པ་མང་ཚོགས་ཀྱིས་བལྟས་པ་ཙམ་གྱིས་ཤེས་ཐུབ། སེམས་ནུས་བཏོན་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་རྐང་པ་གཞི་རིམ་དུ་སྤོས་ཏེ་ས་ཆ་དངོས་སུ་ལྟ་བ་དང་། ཉན་པ། འདྲི་བ། མྱོང་ཚོར། མྱོང་ལེན་བཅས་བྱེད་དགོས་པ་མ་ཟད། སེམས་པའང་གཞི་རིམ་དུ་བཞག་ནས་རང་སར་གཞན་འཇོག་པ་དང་གཞན་སར་རང་བཞག་སྟེ། བློ་དཀར་སེམས་དཀར་དང་། དམངས་ལ་དགའ་ཞེན། འགན་འཁྲིའི་བསམ་པ། གུས་སྐྲག་གི་བསམ་པ་བཅས་ཀྱི་ཐོག་ནས་གཞི་རིམ་གྱི“མཐའ་མའི་འགག་གནད”དུ་གཏིང་ཟབ་སྐྱོད་དགོས།
     མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་སྐད་གསང་མཐོན་པོའི་དུང་བརྡའི་ཁྲོད་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཡང་བྱེད་འགོ་ཚུགས་ཡོད་པས། ང་ཚོའི་མདུན་དུ་ལྷག་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གཡོལ་ཐབས་མེད། ད་བྱས་ན་གང་འདྲ་བྱེད་དགོས་སམ་ཞེ་ན། འགོ་ཁྲིད་ལས་བྱེད་པའི་ངོས་ནས། ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད་དེ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ལ། བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་ཏེ་དོན་དངོས་དང་མཐུན་པའི་ཐག་གཅོད་བྱེད་ཐབས་ཀྱང་བཟོ་དགོས། མང་ཚོགས་དང་རྐུབ་སྟེགས་གཅིག་གི་ཐོག་ཏུ་བསྡད་དེ་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་སྙིང་གཏམ་ཤོད་སྐབས་མང་ཚོགས་ཀྱི་སྐྱིད་སྡུག་ཚོར་བ་དང་། མང་ཚོགས་ཀྱི་བདེ་སྡུག་ཉན་པ། མང་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་པ་བཅས་བྱེད་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་གྱི་བྱས་རྗེས་ཆེ་ཤོས་སུ་བརྩི་བ་དང་། མི་སེར་གྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་འཇོག་པ། གནད་དོན་ལ་དམིགས་ཏེ་ཆུང་རྩད་ཆེ་ཤེས་ཀྱི་བརྟག་ཞིབ་བྱེད་སྐབས་ཞིབ་རྩད་གཏིང་ཟབ་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱེད་དགོས།
     བརྟག་དཔྱད་ཞིབ་འཇུག་བྱེད་པ་ནི་མང་ཚོགས་ལམ་ཕྱོགས་སུ་སྐྱོད་པ་ཞིག་རེད། ཏང་ཡོན་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཏེ་གཞི་རིམ་དུ་མང་ཙམ་སྐྱོད་པ་དང་མང་ཚོགས་དང་འབྲེལ་འདྲིས་མང་ཙམ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་ཤུགས་ཆེན་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་ཐག་གཅོད་དགོས་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དམ་པོར་དམིགས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་ལྷག་པའི་འགལ་བ་དང་གནད་དོན་གསལ་པོ་རྟོགས་པ། ལས་དོན་ཁག་ཡག་པོ་སྒྲུབ་པ་དང་མི་དམངས་མང་ཚོགས་ཀྱི་བློ་ལ་བབས་པ་ཞིག་བསྒྲུབས་ཚེ་མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ངེས་ལ། ཏང་གི་སྲིད་སྐྱོང་རྨང་གཞིའང་བྲག་རྡོ་ལྟར་བརྟན་དུ་འགྲོ་ཐུབ།