འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ན་ནིང་རང་རྒྱལ་གྱི་འོད་ཤུགས་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.4ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་19ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པར། 2022ལོར་རང་རྒྱལ་གྱིས་འོད་ཤུགས་ལས་རིགས་ཀྱིས་ཐོན་ལས་རིག་ནུས་བཟོ་སྐྲུན་དང་དེང་རབས་ཅན་གྱི་ཆུ་ཚད་ལ་མགྱོགས་མྱུར་སྐུལ་འདེད་བཏང་བར་བརྟེན་ལོ་ཧྲིལ་པོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་ཐོན་ཏེ་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1.4ལས་བརྒལ་ཡོད་པ་རེད།
     ལས་རིགས་ཀྱི་ཚད་ལྡན་ཡོངས་བསྒྲགས་ཀྱི་ཁེ་ལས་ཀྱི་ཆ་འཕྲིན་དང་ལས་རིགས་མཐུན་ཚོགས་ཀྱི་ཚོད་རྩིས་ལྟར་ན། 2022ལོར་ལོ་ཧྲིལ་པོའི་འོད་ཤུགས་ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚིགས་ཁག་གི་ཐོན་ཚད་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།