འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཕྲལ་གྱི་ཁེ་ཕན་ཁོ་ནར་མ་དམིགས་པར་བུ་རབས་ཚ་རྒྱུད་ཆེད་དུ་ཕུགས་ལ་བསམ་བློ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་19ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཝུའེ་ཐའོ་དང་མོང་ཞང་ཧྥུའུ།
     “དེ་རིང་ཁྱེད་ཚོ་བློ་ཕམ་ཡོང་སྲིད་ཀྱི་རེད། ད་རེས་ཀྱི་གྲོས་བསྡུར་སྐོར་ནི་འཕེལ་རྒྱས་ཀྱི་གནད་དོན་མིན་པར་སྲུང་སྐྱོང་གི་གནད་དོན་རེད”ཅེས་2016ལོའི་ཟླ་1ཚེས་5ཉིན་ཁྲུང་ཆིང་དུ་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐད་ཀར་དེ་ལྟར་གསུངས། ད་རེས་ཀྱི་བཞུགས་མོལ་ཚོགས་འདུ་ནས་བཟུང“སྲུང་སྐྱོང་ཆེ་མོར་མཉམ་དུ་དམ་འཛིན་བྱས་ཏེ་གསར་སྤེལ་ཆེ་མོ་མི་བྱེད་པ”དེ་ཉིད་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་གྱུར་ཡོད།
     འབྲི་ཆུའི་དྲིན་ལས་ངོགས་ཀྱི་དམངས་ལ་བདེ་སྐྱིད་བྱུང་། མ་ཡུམ་གཙང་པོར་གསར་སྤེལ་ཆེ་མོ་བྱེད་དགོས་སམ་ཡང་ན་སྲུང་སྐྱོང་ཆེ་མོ་བྱེད་དགོས་སམ། མིག་སྔ་དང་ཕུགས་གཉིས་ཕྱོགས་གང་ལ་དམིགས་དགོས་མིན་གདམ་ག་བྱེད་པའི་ཁྲོད་ལས་ལངས་ཕྱོགས་དང་། ཏང་གཤིས། ཐོག་མའི་བསམ་འདུན་བཅས་མངོན་པ་ཡིན།
     མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་དོན་བྱས་རྗེས་ཆེ་ཤོས་ལ་བརྩིས་ཏེ་འཕྲལ་གྱི་ཁེ་ཕན་ཁོ་ནར་མ་དམིགས་པར་བུ་རབས་ཚ་རྒྱུད་ཆེད་དུ་ཕུགས་ལ་བསམ་བློ་གཏོང་རྒྱུ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་བ་མེད་པའི་གདམ་ག་ཞིག་རེད།
     འཕྲལ་གྱི་ཁེ་ཕན་ཁོ་ནར་མ་དམིགས་པར་བུ་རབས་ཚ་རྒྱུད་ཆེད་དུ་ཕུགས་ལ་བསམ་བློ་གཏོང་བར་ངེས་པར་དུ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས།
     “རང་བྱུང་ཁམས་ཀྱི་ལས་དབང་དང་མིའི་རིགས་འབྲེལ་བ་དམ་ཟབ་ཡོད། ང་ཚོས་ལོ་རྒྱུས་དང་མི་རིགས་ཀྱི་ཆེད་དུ་ལས་དོན་དེ་སྒྲུབ་བཞིན་ཡོད”ཅེས་གསུངས་སྐབས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་ཚིག་ནན་ལ་བརྩེ་བ་ཟབ།
     ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མེད་ན་དམིགས་བསལ་གྱི་བྱ་ཐབས་ལག་ལེན་བསྟར་ཐབས་མེད། དམིགས་བསལ་གྱི་བྱ་ཐབས་མེད་ན་དཀའ་གནད་ལས་ཐར་ཁག་པོ་རེད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ནི་དམག་ཆེན་པོ་དང་། དྲག་པོ། དཀའ་ཚེགས་ཆེན་པོ་བཅས་ཡིན་པས་ངེས་པར་དུ་དངོས་འཛིན་བཙན་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་དམག་རེ་རེ་བཞིན་ཡག་པོ་རྒྱག་པ་དང་ལས་དོན་རེ་རེ་བཞིན་ཡག་པོ་སྒྲུབ་དགོས།
     “འབྲི་ཆུར་ནད་གཞི་ཕོག་པ་དེ་ཚབས་ཆུང་ཆུང་རྩ་བ་ནས་མ་རེད”མ་ཡུམ་གཙང་པོ་སླར་གསོ་ཡོང་བ་བྱ་ཆེད། ལོ་བཅུ་ཉ་རྒྱ་བསྡམས་པ་དང་ཉ་པ་ཁྲི་23.1ཕྱིར་འཐེན་བྱེད་དུ་བཅུག་ཡོད། སྦགས་བཙོག་འགོག་བཅོས་མྱུར་པོ་བྱས་ཏེ་ཁྲིམས་འགལ་གྲུ་ཁ་བཅོས་སྒྲིག་དང་ཆུ་ངོགས་ཀྱི་རྫས་འགྱུར་བཟོ་ལས་ཀྱི་ཁེ་ལས་གནས་སྤོ་བའམ་སྒོ་རྒྱག་ཏུ་བཅུག་ཡོད། བཅའ་ཁྲིམས་ཀྱི་དམར་ཐིག་བཟོས་ཏེ་བྱ་ཐབས་ནན་པོར་བརྟེན་ནས་འབྲི་ཆུ་དྭངས་གཙང་ཡོང་བར་སྲུང་སྐྱོང་བྱས་པ་སོགས་གྲངས་ཀྱིས་མི་ལངས།
     དུས་རབས་གསར་པའི་ལོ་བཅུའི་རིང་ང་ཚོས་དགུང་སྔོན་སྲུང་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པར་བྱས་ཏེ“དགུང་སྔོན་སྤྲིན་དཀར་དང་སྐར་ཚོགས་ཆེམ་ཆེམ་འཕྲོ་བ”དང་། ཆུའི་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ“ཆུ་མོ་དྭངས་ཤིང་ཆུ་ངོགས་སྔོ་ལྗང་རྒྱས་པ་དང་ཉ་མོ་རྐྱལ་རྩལ་ངོམས་པའི་རྣམ་པ་ཡོང་བ”བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས“བྱ་བྱིའུ་གསུང་སྐད་སྙན་ཞིང་མེ་ཏོག་གི་དྲི་བསུང་འཐུལ་བའི་གྲོང་གསེབ་ཀྱི་ཉམས་འགྱུར་མངོན་པ”སོགས་བྱས་ཡོད།
     ལོ་བཅུའི་རིང་འགག་སྒྲོལ་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་བས། ནམ་མཁའ་གཡའ་དག་ཅིང་། རི་ཀླུང་ཚང་ཚིང་ནགས་ཀྱིས་བརྒྱན་པ་དང་ཆུ་མོ་དྭངས་ཤིང་གཙང་བས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་རྒྱུ་དེ་ཉིད་དོན་དངོས་ལ་འགྱུར་བཞིན་ཡོད།
     འཕྲལ་གྱི་ཁེ་ཕན་ཁོ་ནར་མ་དམིགས་པར་བུ་རབས་ཚ་རྒྱུད་ཆེད་དུ་ཕུགས་ལ་བསམ་བློ་གཏོང་བར་ངེས་པར་དུ་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་དགོས།
     ཧོ་པེའི་སའེ་ཧན་པ་ལ་སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་གནང་གི་ཡོད། དེ་གར་མི་རབས་གསུམ་གྱིས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། “གསོམ་ཤིང་གཅིག”ལས་མེད་པ་ནས་མུའུ་ཁྲི་བརྒྱ་ཟིན་པའི་ཚང་ཚིང་ནགས་ཚལ་བྱུང་བའི་ངོ་མཚར་བཏོད་དེ་པེ་ཅིང་དང་ཐེན་ཅིན་ལ་སྐྱེ་ཁམས་སྲུང་བཅད་བརྟན་པོ་ཞིག་བཙུགས་ཡོད། 2021ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་འདི་གར་ཕེབས་ཏེ་ནགས་ཚལ་སྟུག་པོར་གཟིགས་བཞིན་དུ་ཁོང་གིས་ནགས་རའི་ལས་བཟོ་མི་རབས་གསུམ་ལ“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་དངོས་པོར་བརྟེན་དགོས་ལ་སྙིང་སྟོབས་ལའང་བརྟེན་དགོས”ཞེས་གསུངས་ཡོད།
     ཧྲན་ཤིས་ཡིའུ་ཡུས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིས་རྟག་ཏུ་གླེང་གནང་བའི་ས་ཆ་ཞིག་རེད། ལོ་ངོ་70ལྷག་ཙམ་སྔོ་ལྗང་རྒྱུན་མཐུད་འབད་འཐབ་དང་། རྫོང་ཨུད་ཧུའུ་ཅི་21གིས་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་གཅིག་རྒྱུད་གཅིག་འཛིན་བྱས་ནས་ལྗོན་ཤིང་བཙུགས་པས། སྐྱ་ཐེར་ཐེར་གྱི་ཐང་རྒོད་དག་སྔོ་ལྗང་གི་ཞིང་ཁམས་སུ་གྱུར་ཡོད། 2020ལོར་ཧྲན་ཤིས་སུ་གཟིགས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། “ཡིའུ་ཡུས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་མ་ལག་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད།
     འཕྲལ་གྱི་ཁེ་ཕན་ཁོ་ནར་མ་དམིགས་པར་བུ་རབས་ཚ་རྒྱུད་ཆེད་དུ་ཕུགས་ལ་བསམ་བློ་གཏོང་བར་ངེས་པར་དུ་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས།
     ཚད་མཐོའི་ལོ་རྒྱུས་ཀྱི་རང་རྟོགས་ལྡན་ཚེ་གཞི་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་ལོ་རྒྱུས་ཀྱི་ལས་འགན་ལ་ངོས་ཤེས་གསལ་པོ་ཞིག་ཡོང་ཐུབ།
     གུང་ཁྲན་ཏང་མིའི་ངོས་ནས་བརྗོད་ན། ཏང་དང་མི་དམངས་ཀྱི་བྱ་གཞག་གཅིག་རྒྱུད་གཅིག་འཛིན་བྱ་རྒྱུ་ནི་རྒྱུག་མཐུད་འགྲན་བསྡུར་ཞིག་ཡིན། མི་རབས་གཅིག་ལ་མི་རབས་གཅིག་གི་ལས་འགན་ཡོད་པས། ཚང་མས་རང་ཉིད་ལ་དབང་བའི“དབྱུག་པ”དེ་བཟུང་ནས་ཡག་པོ་རྒྱུག་དགོས།
     སྤྱི་ཁྱབ་ཧྲུའུ་ཅིས་ལོ་རྒྱུས་ཀྱི་གཟིགས་རྒྱང་དང་རྩོད་སྒྲུབ་ཀྱི་དགོངས་པའི་ཐོག་ནས་ལས་བྱེད་པས་ལས་ཀ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་ཞིང་། “ཕུགས་ལ་འཆར་གཞི་ཡག་པོ་འགོད་དགོས་ལ། མིག་སྔའི་ལས་དོན་ཡང་ཡག་པོ་བསྒྲུབ་དགོས། འཆར་གཞི་རེ་རེ་ཡག་པོ་འགོད་པ་དང་བྱ་བ་རེ་རེ་ཡག་པོ་བསྒྲུབ་དགོས”“མི་སེར་ཚོས་མཐོང་ཐུབ་པ་དང་། ཚོར་ཐུབ་པ། ཕན་པ་ཐོབ་ཐུབ་པ་བཅས་ཀྱི་བྱ་བ་དངོས་བསྒྲུབ་དགོས་ལ་མི་རབས་རྗེས་མར་མཐུན་རྐྱེན་སྐྲུན་པ་དང་། རྨང་གཞི་འདིང་བ། ཕུགས་ལ་ཕན་པ་བཅས་ཀྱི་བྱ་བ་བཟང་པོ་ཡང་བསྒྲུབ་དགོས། མངོན་གསལ་དོད་པོའི་བྱས་རྗེས་འཇོག་དགོས་ལ་བརྩོན་ཞིབ་བྱས་ནས་བྱས་རྗེས་ཀྱང་འཇོག་དགོས”
     ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་ཕྱག་ལས་གནང་སྐབས“3820”གྱི་འཐབ་ཇུས་འདུ་འགོད་གཙོ་བོ་སྒྲིག་བཟོ་གནང་བ་དང་། ཀྲེ་ཅང་རུ་ཕྱག་ལས་གནང་སྐབས“བརྒྱད་བརྒྱད་འཐབ་ཇུས”ཞིབ་འཇུག་གནང་ནས་བཏོན་ཞིང་། མིག་སྔར་གཞིས་ཚུགས་པ་དང་ཕུགས་ལ་དམིགས་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་གནང་བའི་གལ་ཆེའི་བརྟག་ཐབས་སྨྲ་བ་ཡིན་པ་དང“ང་ཚོས་དུས་ཚོད་ལ་ངོས་འཛིན་བྱེད་སྟངས་ནི་ལོ་བརྒྱ་དང་ལོ་སྟོང་ལ་བྱས་ནས་བརྩི་ཡི་ཡོད”
     “མིག་རྒྱང་ཐུང་བའི་མི་དེས། ཕུགས་ཀྱི་བྱ་བ་བསམ་པར་དཀའ། བསམ་བློའི་འཁོར་རྒྱ་ཆུང་བའི་མིས། ཡུལ་ཕྲན་ཞིག་ཀྱང་སྐྱོང་བར་དཀའ” དུས་རབས་གསར་པའི་ལོ་བཅུའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བས། ང་ཚོས་དུས་ཡུན་རིང་པོའི་ནང་ཐག་གཅོད་མ་ཐུབ་པའི་གནད་དོན་མང་པོ་འགག་སྒྲོལ་བྱུང་བ་དང་ཕུགས་དང་འབྲེལ་བའི་དོན་ཆེན་དང་ལས་དོན་གཙོ་བོ་མང་པོ་བསྒྲུབས་ཐུབ་ཡོད།
     བྱ་བ་རེ་རེ་བཞིན་མ་ལུས་པར་བསྒྲུབ་པ་དང་ལོ་ནས་ལོ་མཐུད་དེ་བྱ་བ་ཡག་པོ་བསྒྲུབ་དགོས། བསྒྲུབས་པའི་བྱ་བ་མཐའ་དག“མི་རབས་རྗེས་མར་ཕན་པའི”བྱ་བ་བཟང་པོ་དང་བྱ་བ་དངོས་ཤ་སྟག་ཡིན། དེ་དག་ཚང་མ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་ཡོང་བ་དང་། སྲུང་སྐྱོང་ཡག་པོ་བྱེད་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་ཀྱི་ཆེད་དུ་རེད།
     དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱས་རྗེས་ཐོབ་པར་ངས་མི་རྩོད་པའི་བསམ་པའི་གནས་ཚད་དང་བྱས་རྗེས་འཇོག་པར་ངས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་རྒྱུན་འཁྱོངས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཏན་ཏན་ཏིག་ཏིག་ངང་བྱ་བ་བསྒྲུབས་ཚེ། ང་ཚོས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཚོད་བགམ་ཐུབ་པའི་བྱས་རྗེས་འཇོག་ཐུབ་ངེས་རེད།