འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རང་རྒྱལ་གྱི“ས་གཏིང་ཨང་དང་པོའི”ལས་གྲྭར་སླར་ཡང་ཚད་བརྒལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་18ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་14ཉིན་རང་རྒྱལ་གྱིས་སྣུམ་རླངས་རྩད་ཞིབ་གསར་སྤེལ་ཁྱབ་ཁོངས་སུ་ལག་ལེན་བསྟར་བའི“ས་གཏིང་ཨང་དང་པོའི”ལས་གྲྭར་སླར་ཡང་ཚད་བརྒལ་བྱུང་ཞིང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པས་ཕྱི་ཕྱོགས་ལ་ཐ་ལི་མུ་གཤོང་སར་གནས་པའི་ཁྲུན་པེ་གསེག་ཁྲོན་84ལ་ཚད་ལེན་ཚོད་ལྟ་བྱས་ནས་ཐོན་ཚད་མཐོ་བའི་བཟོ་ལས་ཀྱི་སྣུམ་རླངས་ཐོན་པ་དེ་སྣུམ་རླངས་ཐོན་ཚད་ལ་ཕབ་ན་ཏུན་1017ཟིན་ནས་ཁྲུན་པེའི་སྣུམ་རླངས་ཞིང་ཁ་ཨང་22པའི“ཏུན་སྟོང་གི་སྣུམ་རླངས་ཁྲོན་པར”གྱུར་པའི་ཁྱབ་བསྒྲགས་བྱས་ཤིང་། ཁྲོན་པ་དེར་ཐད་ཀའི་གཏིང་ཚད་སྨི་8937.77ཟིན་ནས་ཨེ་ཤེ་ཡ་སྐམ་སའི་ཏུན་སྟོང་གི་སྣུམ་རླངས་ཁྲོན་པ་གཏིང་ཟབ་ཤོས་ཤིག་ཡིན་པ་རེད།
     ཏུན་སྟོང་གི་སྣུམ་རླངས་ཁྲོན་པ་ཞེས་པ་ནི་ཁྲོན་པ་རེ་ནས་ཉིན་རེར་སྣུམ་རླངས་ཐོན་ཚད་ཏུན་1000ཡན་ཟིན་པར་ཟེར་ཞིང་། དེར་སྣུམ་རླངས་གསོག་ཚད་ཕུན་སུམ་ཚོགས་པར་བརྟེན་གསར་སྤེལ་གྱི་རིན་ཐང་དང་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་པས་ཁུལ་ཁོངས་ཀྱི་ཕན་འབྲས་གསར་སྤེལ་ལ་འགན་ལེན་ནུས་ལྡན་ཐུབ་ཀྱི་ཡོད།