འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་18ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི》བཀྲམ་པ་རེད།
     《ཇུས་གཞིའི》ནང་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་དམིགས་ཡུལ་ནི་བརྒྱུད་རིམ་ལྡན་ལ་ཆ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན། འཁོར་སྐྱོད་ལས་ཕྱོད་ཆེ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འགན་ནུས་མ་ལག་གཏོད་དགོས། ཏང་ཀྲུང་དབྱང་གི་ལས་ཁུངས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་བཅས་ལ་སྤྱི་འདོམས་དང་། ཀྲུང་དབྱང་དང་ས་གནས་ལ་སྤྱི་འདོམས། གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལས་ཁུངས་འཛུགས་པ་དེ་བས་ཚན་རིག་དང་མཐུན་པ་དང་། འགན་ནུས་བཀོད་སྒྲིག་དེ་བས་ལེགས་པ། སྒྲིག་སྲོལ་དང་ལམ་སྲོལ་དེ་བས་འཐུས་ཚང་། འཁོར་སྐྱོད་དོ་དམ་དེ་བས་ལས་ཕྱོད་ཆེ་བ་བཅས་ཀྱི་ཐད་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
     ཏང་ཀྲུང་དབྱང་གི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བར་གཙོ་བོ། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་བཙུགས་ནས་ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ལ་བརྩིས་ཏེ་ཏང་ཀྲུང་དབྱང་ལས་ཁུངས་ཀྱི་གྲས་སུ་འཇོག་རྒྱུ། ཀྲུང་དབྱང་དངུལ་རྩ་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་བཙུགས་ནས་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུས་རྒྱལ་ཁབ་ཡིག་སྐུར་ངོ་བཅར་ཅུས་ལ་གཅིག་གྱུར་འགོ་ཁྲིད་དང་རྒྱལ་ཁབ་ཡིག་སྐུར་ངོ་བཅར་ཅུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱེད་རྒྱུ། ཀྲུང་དབྱང་ཀང་ཨའོ་ལས་དོན་གཞུང་ལས་ཁང་འཛུགས་རྒྱུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་གི་སྒོ་བྱང་རང་སོར་འཇོག་རྒྱུ། ལོགས་སུ་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་མེད་པར་བཟོ་རྒྱུ་བཅས་ཚུད་ཡོད་པ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བར། གཙོ་བོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཚུད་ཡོད་པ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བར། གཙོ་བོ་ཚན་རིག་ལག་རྩལ་པུའུ་ཡང་བསྐྱར་འཛུགས་རྒྱུ་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་ལ་སྔར་བཞིན་ཚན་རིག་ལག་རྩལ་པུས་དོ་དམ་བྱེད་རྒྱུ། ཚན་རིག་ལག་རྩལ་པུའི་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཅུས་ཀྱི་སྒོ་བྱང་མེད་པར་བཟོ་རྒྱུ། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་འཛུགས་རྒྱུ་དང་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ཡོན་ལྷན་ཁང་མེད་པར་བཟོ་རྒྱུ། ས་གནས་ཀྱི་དངུལ་རྩའི་ལྟ་འདོམས་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། ས་གནས་སྲིད་གཞུང་གིས་བཙུགས་པའི་དངུལ་རྩའི་ལྟ་འདོམས་ལས་ཁུངས་ཀྱིས་ཆེད་དོན་ལྟ་འདོམས་འགན་འཁྲི་འཁུར་རྒྱུ་དང་དངུལ་རྩའི་ལས་དོན་ཅུས་དང་དངུལ་རྩའི་གཞུང་ལས་ཁང་སོགས་ཀྱི་སྒོ་བྱང་མི་འགེལ་རྒྱུ། ཀྲུང་གོ་འཛིན་ལོར་ལྟ་འདོམས་ཨུ་ཡོན་ལྷན་ཁང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱེད་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་དང་ཉིང་ལག་ལས་ཁུངས་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ། གཞུང་ཁོངས་དངུལ་རྩའི་མ་རྩ་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དངུལ་རྩའི་དོ་དམ་སྡེ་ཚན་གྱི་ལས་དོན་པར་དོ་དམ་གཅིག་གྱུར་དང་ཚད་ལྡན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་གྲངས་གཞི་ཅུས་འཛུགས་རྒྱུ། ཞིང་ལས་གྲོང་གསེབ་པུའི་འགན་འཁྲི་ལེགས་སྒྲིག་དང་ཞིང་ལས་དང་གྲོང་གསེབ་པུའུ་རུ་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་སྒོ་བྱང་ཁ་སྣོན་བྱེད་རྒྱུ། ལོགས་སུ་བཙུགས་པའི་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་མེད་པར་བཟོ་རྒྱུ། རྒན་རྒོན་གྱི་ལས་ཀའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་རིག་བདག་དབང་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཚུད་ཡོད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བར་གཙོ་བོ། རྒྱལ་ཡོངས་སྲིད་གྲོས་ཀྱི་རིགས་ཁོངས་ཁག་གི་བཀོད་སྒྲིག་ལེགས་སུ་གཏོང་རྒྱུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རིགས་ཁོངས་ཁག་ཏུ“ཁོར་ཡུག་ཐོན་ཁུངས་རིགས་ཁོངས”ཁ་སྣོན་བྱེད་རྒྱུ། “ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་སྡེ་ཚོགས”དང“ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས”ཀྱི་རིགས་ཁོངས་ཟླ་སྒྲིལ་བཏང་ནས“ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་སྡེ་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས”ཀྱི་རིགས་ཁོངས་འཛུགས་རྒྱུ། “དམིགས་བསལ་གདན་ཞུས་མི་སྣའི”རིགས་ཁོངས་ཀྱི་ཨུ་ཡོན་གྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་བཅས་ཚུད་ཡོད།
     སྒྲིག་གཞིའི་སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བར་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ཁུ་བསྡུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་མིའི་སྒྲིག་ཁོངས་5%ཡི་གཅིག་གྱུར་བསྡུར་ཚད་ལྟར་ཁུ་བསྡུ་བྱེད་རྒྱུ་དང་ཡར་བསྡུས་པའི་སྒྲིག་ཁོངས་གཙོ་བོ་གཙོ་གནད་ཁྱབ་ཁོངས་དང་ལས་དོན་གལ་ཆེན་ལ་ཤུགས་སྣོན་རྒྱག་པར་སྤྱོད་རྒྱུ་ཚུད་ཡོད།
     《ཇུས་གཞིའི》ནང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་སྒྲིག་འཛུགས་ལག་བསྟར་བྱེད་པའི་ལས་དོན་ལ་སྤྱི་འདོམས་བྱེད་དགོས་པ་དང་། ས་གནས་ཀྱི་ལས་ཁུངས་སྒྱུར་བཅོས་ཞིང་ཆེན་རིམ་པའི་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱས་ནས་སྒྱུར་བཅོས་ཀྱི་ཇུས་གཞི་ཏང་ཀྲུང་དབྱང་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ། ཀྲུང་དབྱང་རིམ་པའི་སྒྱུར་བཅོས་ལས་འགན་2023ལོའི་ལོ་མཇུག་གོང་ལེགས་སྒྲུབ་བྱེད་དགོས་པ་དང་། ས་གནས་རིམ་པའི་སྒྱུར་བཅོས་ལས་འགན་2024ལོའི་ལོ་མཇུག་གོང་ལེགས་སྒྲུབ་བྱེད་དགོས་པ་བཅས་ནན་བཤད་བྱས་ཡོད།