འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་རྒྱུན་མཐུད་སྤེལ་ཁར། འབྲེལ་ཡོད་ལས་དོན་ཁྲོད་ལྷག་པའི་གནད་དོན་ལ་དམིགས་ནས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྔར་བས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་ཏེ་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་སྤེལ་ནས། ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
     ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་འབྲེལ་ཡོད་ཚན་པ་དང་སྡེ་ཚན་ལ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས། ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་སྐྱེ་ཁམས་ཁོར་ཡུག་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་སེམས་ནུས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་གཏོང་རོགས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག ཁེ་ལས་ལ་རོགས་རམ་བྱེད་པའི་འགན་འཁྲི་དོན་འཁྱོལ་གྱིས་འབྲེལ་གཏུག་མི་སྣ་ཁེ་ལས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་འདྲི་རྩད་དང་བརྟག་ཞིབ་བྱེད་མགྱོགས་སུ་གཏོང་བ་དང་། ཁེ་ལས་ལ་འཕྲད་པའི་དཀའ་གནད་དང་སྲིད་ཇུས་ཀྱི་རེ་ཞུའི་བསམ་འཆར་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱས་ནས། གཏན་འབེབས་ཀྱི་དུས་ཚིགས་ལྟར་ཁེ་ལས་སུ་བསྐྱོད་དེ་བརྟག་ཞིབ་དང་། ཁེ་ལས་ཀྱི་གནད་དོན་རེ་ཞུ་གོང་འབུལ་བྱེད་པའི་ལས་དོན་སྒྲུབ་པ། ཁེ་ལས་ལ་འཕྲད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཀའ་གནད་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུར་དམིགས་ནས། ཁེ་ལས་ཀྱིས་བཏོན་པའི་གནད་དོན་ཚང་མར་ལན་ཡོད་པ་དང་ཚང་མ་དོན་འཁྱོལ་ཐུབ་པ་བྱས་པ་རེད། གཞན་ཡང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ད་དུང་འབྲེལ་ཡོད་ལས་དོན་མི་སྣ་བཀོད་སྒྲིག་གིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད་ཀྱི་བླང་བྱ་དང་ལས་ཀའི་བཀོད་སྒྲིག་ཁག་དང་ཞིབ་བསྡུར་བྱས་ནས། རང་འགུལ་ངང་བྱེད་ཐབས་ཞིབ་ཚགས་སུ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་དང་བྱེད་ཐབས་སྔར་བས་གསེད་བཀྲོལ་བྱས་ཏེ་ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་ཀྱི“བསྡུས་གྲུབ་ཁུག་མ”ཞིག་ཆགས་པར་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་པ་རེད།