འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་ས་གྲོང་ཁྱེར་གྱིས“ཡུལ་སྐོར+”ཐོན་ལས་མང་པོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།      རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་རིམས་ནད་དོ་དམ་བྱ་ཐབས་ལེགས་སུ་གཏོང་བའི“དོན་ཚན་གསར་པ་བཅུ”ཁྱབ་གདལ་བཏང་བ་བརྒྱུད། སྲོལ་རྒྱུན་གྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་གཙོ་བོར་བྱེད་པའི་ཡུལ་སྐོར་བྱེད་ཐབས་རིམ་གྱིས་མི་རྣམས་ཀྱི་རྒྱུན་གཏན་འཚོ་བ་དང་ཟུང་འབྲེལ་དམ་ཟབ་ཡོད་པའི“ཡུལ་སྐོར+ལུས་རྩལ”དང“ཡུལ་སྐོར+སྐྱེ་ཁམས”སོགས་ཡུལ་སྐོར་འཕེལ་རྒྱས་གཏོང་ཐབས་སུ་གྱུར་ཡོད། ཉིན་ཤས་གོང་། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ཀྱང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་རྒྱུན་མཐུད་མགྱོགས་སུ་བཏང་ནས“ཁྱད་ལྡན་དང་། རྩེ་གྲ སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ཏེ། “ཡུལ་སྐོར+”དང་། “+ཡུལ་སྐོར”གྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་རྩེར་སོན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུ་རྨང་གཞིར་བྱས་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་། ཡུལ་སྐོར་རྣམ་གྲངས་ཕུན་སུམ་ཚོགས་སུ་གཏོང་བ། སྤུས་རྟགས་ཀྱི་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་པ་མ་ཟད། ད་དུང“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”བསྐྲུན་རྒྱུ་དང་ཟུང་འབྲེལ་བྱས་ནས་སྤྲོ་གསེང་ཡུལ་སྐོར་དང་། སྐྱེ་ཁམས་ཞིང་ལས་ལྟ་སྐོར། དམངས་སྲོལ་གོམས་གཤིས་མྱོང་རོལ། བདེ་ཐང་ཞབས་ཞུ་སོགས་རིགས་མི་འདྲ་བའི་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་རེད། དེ་དང་ཆབས་ཅིག“གྲངས་འཛིན་ལྷ་ས”དང“རིག་ལྡན་གྲོང་ཁྱེར”བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས“དྲ་སྦྲེལ+ཡུལ་སྐོར”མཉམ་འདྲེས་གསར་གཏོད་ཟབ་ཏུ་གཏོང་བ་དང་གྲངས་འཛིན་ཡུལ་སྐོར་ཐོན་རྫས་དང་དེ་བཞིན་ཞབས་ཞུ་མཁོ་སྤྲོད་ཕུན་སུམ་ཚོགས་སུ་དང་ལེགས་སུ་བཏང་སྟེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱ་རྒྱུ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲངས་འཛིན་ཅན་གྱི་ཐོན་སྐྱེད་ནུས་ཤུགས་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་Aརིམ་པའི་མཛེས་ལྗོངས་ཁུལ(ས་ཚིགས)གྱི་WiFiདང་། འཕྲིན་གཏོང་བརྡ་རྟགས་4Gདང་5Gཕྱོགས་ཡོངས་ལ་ཁྱབ་པར་ལྕག་སྐུལ་བྱ་རྒྱུ་མ་ཟད། རིག་ནུས་ཡུལ་སྐོར་སྣེ་ཤན་པ་དང་གློག་རྡུལ་འགྲེལ་བཤད་བྱས་ཏེ་དྲ་ཐོག་དྲ་ཕྱི་གཞི་གཅིག་ཅན་དང་མཉམ་འདྲེས་ཅན་གྱི་ལྷ་སའི་རིག་ལྡན་ཡུལ་སྐོར་གྱི་ལས་རྣམ་གསར་པ་བཏོད་དེ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་དཔལ་འབྱོར་སླར་གསོ་དང་རིམ་སྤོར་ཅན་གྱི“ཡུལ་སྐོར+”དང“+ཡུལ་སྐོར”གྱི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།