༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་པ་བསྐོ་འཐེན་བྱས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་17ཉིན། 14:14】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་གཞུང་གི་ལས་བྱེད་པ་བསྐོ་འཐེན་བྱས།
ལི་ཧྥེ་ཚོང་དོན་པུའི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས་པ་དང་། རའོ་ལི་ཞིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ། ཝང་ཆི་མིང་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ། ཧན་ཅུན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ་རེད།
མུའུ་ཧུང་གི་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ལན་ཝེ་ལིའང་གི་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ཀྲའོ་ཡུང་གི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ཐང་ཐའོ་ཡི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ལིའུ་ལི་ཅན་(བུད་མེད་)གྱི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ལུང་མིང་པེའོ་ཡི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ཀྲོའུ་ཙུང་རྨིན་གྱི་ཞིན་ཧྭ་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ལིའུ་ཁེ་ཆང་གི་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་རེད།
