འཚོལ་བཤེར།   
藏文频道
2023ལོའི་ཟླ་3ཚེས་17ཉིན།

༄༅།།དམག་དཔུང་འདི་ལ་རིན་ཐང་ཡོ་སྒོར་ཁྲི་900ཡི་རོཊ་སྐྱོར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་16ཉིན། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་རིན་ཐང་ཡོ་སྒོར་ཁྲི་900ཟིན་པའི་ཡོ་རོབ་ཀྱི་ཞི་བདེའི་ཐེབས་རྩའི་རོགས་སྐྱོར་བྱ་ཐབས་ལ་བརྟེན་ནས། མཱ་ཆི་ཏུན་བྱང་མའི་དམག་དཔུང་ལ་རོགས་སྐྱོར་བྱས་པ་རེད། 
     ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། བྱེད་ཐབས་དེ་ནི་ཡོ་རོབ་མནའ་འབྲེལ་གྱིས་སྦལ་ཀན་ས་ཁུལ་ནུབ་མ་བདེ་འཇགས་ཡོང་བར་ཤུགས་སྣོན་རྒྱག་ཐབས་ཀྱི་ཆ་ཤས་ཤིག་རེད་ཅེས་འཁོད་ཡོད་པ་རེད། རོགས་སྐྱོར་ཁག་དེ་མཱ་ཆི་ཏུན་བྱང་མའི་རྐང་དམག་དཔུང་སྡེའི་སྒྲིག་ཆས་ཀྱི་རིམ་པ་སྤོར་བྱེད་དུ་སྤྱོད་རྒྱུ་ཡིན་པ་དང་། དེའི་ནང་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་དང་། སྨན་བཅོས་སྒྲིག་ཆས། འཕྲིན་གཏོང་དང་ཆ་འཕྲིན་མ་ལག་དང་གསང་འཕྲིན་དང་འགོག་སྲུང་གསུམ་གྱི་སྒྲིག་ཆས་བཅས་ཚུད་ཡོད་པ་རེད།