འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་དོན་འདི་ཐོག་མར་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་16ཉིན། མཉམ་འབྲེལ་རྒྱལ་ཚོགས་ཁོངས་དུག་རྫས་དང་ཉེས་གསོག་གནད་དོན་གཞུང་དོན་ཁང་གིས་དུག་རྫས་ཁོ་ཁཱ་དབྱིན་བེད་སྤྱོད་དང་མཁོ་སྤྲོད་ཀྱི་གནས་ཚུལ་སྐོར་གྱི་གོ་ལ་ཧྲིལ་པོའི་སྙན་ཞུ་ཐོག་མར་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་། སྐྱེལ་འདྲེན་ལྟེ་གནས་གསར་པ་དང་ཉེས་གསོག་དྲ་བ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་བརྒྱུད། ཏོག་གསར་རིམས་ནད་ཀྱི་རྐྱེན་པས་ཁོ་ཁཱ་དབྱིན་འདྲེན་འཚོང་བྱེད་ཚུལ་གནས་སྐབས་ཉུང་དུ་ཕྱིན་རུང་ད་ལྟ་སླར་ཡང་འདྲེན་འཚོང་བསྐྱར་ལོག་བྱེད་འགོ་ཚུགས། 
     དུག་རྫས་དང་ཉེས་གསོག་གནད་དོན་གཞུང་དོན་ཁང་གི་ལག་བསྟར་ཀྲུའུ་རེན་ཅ་ཏ་·ཝ་ལིས། གོ་ལ་ཧྲིལ་པོར་ཁོ་ཁཱ་དབྱིན་མཁོ་འདོན་བྱེད་ཚད་མང་དུ་ཕྱིན་པ་དེར་མི་ཚང་མས་དོགས་ཟོན་ཆེན་པོ་བྱེད་དགོས་ཞེས་དང་། ཁོ་ཁཱ་དབྱིན་གྱི་ཁྲོམ་ར་དེ་ཨ་ཧྥེ་རི་ཁ་དང་ཨ་ཤེ་ཡར་མངོན་མེད་རྒྱ་ཆེ་རུ་འགྲོ་བ་འདི་ནི་ཉེན་ཁ་ཆེ་བའི་དོན་དངོས་ཤིག་ཡིན་ལུགས་བསྟན།