འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་3ཚེས་15ཉིན། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ《ལག་སྦྲེལ་དཔུང་གཤིབ་ཀྱིས་དེང་རབས་ཅན་གྱི་ལམ་དུ་སྐྱོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།
ཟླ་3ཚེས་15ཉིན། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ《ལག་སྦྲེལ་དཔུང་གཤིབ་ཀྱིས་དེང་རབས་ཅན་གྱི་ལམ་དུ་སྐྱོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་མ་ཟད། 《ལག་སྦྲེལ་དཔུང་གཤིབ་ཀྱིས་དེང་རབས་ཅན་གྱི་ལམ་དུ་སྐྱོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། དེང་རབས་ཅན་གྱི་གནད་དོན་རབ་དང་རིམ་པ་འཕྲད་སྐབས། དེང་རབས་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་གི་ངོས་ནས། སྲིད་ཏང་ལ་ལན་འདེབས་པའི་འགན་འཁྲི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལས་དབང་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལས་དབང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས། འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་དང་། མིའི་རིགས་ཀྱིས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་རོགས་སྐྱོར་གསར་པ་མཁོ་འདོན། མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་ནི་ཀྱག་ཀྱོག་མང་ཞིང་ཡམ་ཡོམ་ཆེ་བས་རྒྱལ་ཁབ་ཁག་གིས་འཚོལ་ཞིབ་བྱས་པའི་དེང་རབས་ཅན་གྱི་ལམ་བུའི་བརྒྱུད་རིམ་ལ་དཀའ་ཚེགས་ཀྱིས་ཁེངས་ཡོད། དེང་སྐབས་འཛམ་གླིང་ལ་འགྲན་སློང་དང་ཉམས་ཉེན་མང་པོ་མཉམ་དུ་གནས་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དཀའ་ཚེགས་ཆེ་བ། འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་སྡུག་ཏུ་འགྲོ་བ། འཇམ་འཐབ་བསམ་གཞིག་གི་རྣམ་ཤེས་ཡལ་མེད་པ་བཅས་ཀྱི་རྐྱེན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་འཕེལ་རིམ་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་གནས་ཡོད། དེར་བརྟེན། ཁོང་གིས་དགོངས་ཚུལ་ལྔ་བཏོན་གནང་བ་སྟེ། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོར་བསྲུངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་མི་དམངས་ཀྱི་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་པ་དང་། རང་ཚུགས་རང་བརྟེན་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་དེང་རབས་ཅན་གྱི་འགྲོ་ལམ་གྱི་སྣ་མང་རང་བཞིན་འཚོལ་ཞིབ་བྱེད་དགོས་པ། གཞུང་འཁྱོངས་གསར་འབྱེད་ཀྱི་འདུ་ཤེས་བཙུགས་ནས་དེང་རབས་ཅན་གྱི་འཕེལ་རིམ་གྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པ། རང་བརྟེན་གཞན་ཕན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དེང་རབས་ཅན་གྱི་གྲུབ་འབྲས་ཀྱི་ཀུན་ཕན་རང་བཞིན་ཆེ་རུ་གཏོང་དགོས་པ། འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་རྒྱུན་འཁྱོངས་བྱས་ནས་དེང་རབས་ཅན་གྱི་འགོ་ཁྲིད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་རང་བཞིན་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པ་ནི་ཉེ་རབས་ཚུན་གྱི་ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱེད་པའི་ཕུགས་འདུན་ཞིག་རེད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་100ལྷག་ཙམ་རིང་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ལོ་རྒྱུས་ཤིག་རེད་ལ། དེང་རབས་ཅན་གྱི་ལམ་བུ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པའི་ལོ་རྒྱུས་ཤིག་ཀྱང་རེད། མི་རབས་མང་པོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རང་ངོས་ཀྱི་རྒྱལ་བབ་ལ་གཞི་ཚུགས་ཡོད་ལ། རྒྱལ་ཁབ་ཁག་གི་ཉམས་མྱོང་ཡང་དཔྱད་གཞིར་བཟུང་བ་དང་། ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་བྱས་ཡོད་ལ། དེང་རབས་ཤེས་དཔལ་མཉམ་འདྲེས་ཀྱང་བྱས་ཡོད་པ། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཡོད། དེ་ནི་ང་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག་རེད་ལ། ཀྲུང་གོས་མིའི་རིགས་ཡར་ཐོན་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་དེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཁྲོམ་རའི་འཇུག་འཐུས་རྒྱུན་མཐུད་ལྷུག་ཏུ་བཏང་ནས་སྒོ་དབྱེའི་སྒོ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་གཏོང་གི་ཡིན། ཀྲུང་གོའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ང་ཚོས་འཛམ་གླིང་ལ་ཀྲུང་གོས་བཟོས་པ་དང་ཀྲུང་གོའི་གསར་གཏོད་དེ་བས་མང་བ་དང་དེ་བས་ལེགས་པ་མཁོ་འདོན་བྱེད་ཀྱི་ཡིན་ལ། འཛམ་གླིང་ལ་གཞི་ཁྱོན་དེ་བས་ཆེ་བའི་ཀྲུང་གོའི་ཁྲོམ་ར་དང་ཀྲུང་གོའི་དགོས་མཁོ་མཁོ་འདོན་བྱེད་ཀྱི་ཡིན། ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ཆེའི་རྒྱལ་ཁབ་ཀྱི་མགྱོགས་མྱུར་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་བཟོ་ལས་ཅན་དང་དེང་རབས་ཅན་མངོན་འགྱུར་བྱས་ཏེ་ལྷོ་བྱང་བར་གྱི་ཧེ་བག་ཆུང་དུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་སྟོབས་ཤུགས་མཁོ་འདོན་བྱེད་ཀྱི་ཡིན། ང་ཚོས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་མགྱོགས་མྱུར་དོན་འཁྱོལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་ལ་འབད་བརྩོན་བྱས་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་སེར་སྤེལ་ནས་འཕྲོག་བཅོམ་བྱེད་པའི་ལམ་རྙིང་པར་མི་སྐྱོད་པ་དང་། རྒྱལ་ཁབ་སྟོབས་ཆེར་གྱུར་ན་བཙན་དབང་ངེས་པར་བྱེད་པའི་ལོག་ལམ་དུ་མི་སྐྱོད་པར། ཞི་བདེ་འཕེལ་རྒྱས་ཀྱི་མི་ཡུལ་གྱི་ཡང་དག་ལམ་བུར་སྐྱོད་ཀྱི་ཡོད། ང་ཚོས་གླེང་མོལ་ལ་བརྟེན་ནས་འགལ་ཟླ་སེལ་བ་དང་མཉམ་ལས་ལ་བརྟེན་ནས་རྩོད་གཞི་འདུམ་འགྲིག་བྱེད་པ་དར་སྤེལ་བཏང་ནས། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་གི་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ལ། མཐུན་སྒྲིལ་གྱི་སྙིང་སྟོབས་དང་གཉིས་ཕན་གྱི་བསམ་བློར་བརྟེན་ནས་རྙོག་འཛིང་ཆེ་བའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ། དྲང་གཞག་དྲང་བདེན་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་བདེ་འཇགས་ཀྱི་རྣམ་པ་གཏོད་པའི་འདོད་ཚུལ་འཛིན་གྱི་ཡོད། འཛམ་གླིང་ལ“འཇམ་འཐབ་གསར་པ”དགོས་དོན་མེད། དམངས་གཙོའི་དར་ཆ་བསྒྲེངས་ནས་ཁ་ཕྲལ་དང་ཁ་གཏད་དུ་ལངས་སུ་བཅུག་པའི་ངན་སྐུལ་བྱེད་པ་ནི་དམངས་གཙོའི་སྙིང་སྟོབས་རྡོག་རོལ་དུ་བཏང་བ་ཞིག་ཡིན་པས། དེར་དམངས་སེམས་འཐོབ་མི་སྲིད་ལ། གནོད་པ་ཚབས་ཆེན་ལྡན་ཡོད། ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཆེ་རུ་གཏོང་བ་ཞིག་དང་རྒྱལ་སྤྱིའི་དྲང་བདེན་སྟོབས་ཤུགས་སྟོབས་ཆེར་གཏོང་བ་ཞིག་ཡིན་པས། འཕེལ་རྒྱས་ཀྱི་ཚད་གང་ཞིག་ཏུ་སླེབས་ཀྱང་། ཀྲུང་གོས་ནམ་ཡང་བཙན་དབང་བྱེད་མི་སྲིད་ལ། ནམ་ཡང་རྒྱ་སྐྱེད་གཏོང་མི་སྲིད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་གི་ཡིན། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་དང་ས་ཁུལ་མི་འདྲ་བར་ཁྱད་ཆོས་སྣ་ཚོགས་ལྡན་པའི་དེང་རབས་ཅན་གྱི་འགྲོ་ལམ་ནི་རྩ་བ་སྣ་མང་ཕུན་སུམ་ཚོགས་པོ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་རྒྱུན་འཛིན་ལ་ཐུག་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་གསར་གཏོད་བྱས་པའི་ཤེས་དཔལ་སྣ་ཚོགས་ལས། འོད་སྟོང་ལྡན་པའི་འོད་ཟེར་འཕྲོས་ནས། རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཆེད་དུ་ནང་དོན་ཟབ་མོ་བསགས་ཡོད་ལ། ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་མ་ཟད། ཡུལ་དུས་ལས་འདས་པ་དང་རྒྱལ་མཚམས་ལས་བརྒལ་ནས་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པའི་ངོས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གཞན་དག་ཕན་ཚུན་དཔྱད་གཞིར་བཟུང་ནས། འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་ཕུན་སུམ་ཚོགས་སུ་འགྲོ་ངེས་རེད།
     ཞི་ཅིན་ཕིང་གིས། རྒྱལ་ཁབ་ཁག་གི་མདུན་ལམ་དང་ལས་དབང་དམ་པོར་སྦྲེལ་བའི་དེང་གི་དུས་སུ་ཤེས་དཔལ་མི་འདྲ་བ་ཁོང་ཡངས་མཉམ་གནས་དང་སྤེལ་རེས་དང་ཕན་ཚུན་མྱོང་ལེན་བྱེད་པར་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་དར་རྒྱས་གཏོང་བའི་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད་ཅེས་གསུངས་ཤིང་། དོན་དེར་དམིགས་ནས་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་ཐད་གྲོས་འགོ་བཏོན་གནང་བ་སྟེ།
     —— ང་ཚོས་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་རྒྱུ་མཉམ་དུ་དར་སྤེལ་བཏང་ནས་ཤེས་དཔལ་འདྲ་མཉམ་དང་། ཕན་ཚུན་མྱོང་ལེན། གླེང་མོལ། བསྟུན་མཁས་བཅས་མཐའ་འཁྱོངས་བྱས་ཏེ་ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་ཕྱོགས་འགལ་སེལ་བ་དང་། ཤེས་དཔལ་ཕན་ཚུན་མྱོང་ལེན་བྱས་ནས་ཤེས་དཔལ་གྱི་འགན་རྐྱེན་སེལ་བ། ཤེས་དཔལ་གྱི་བསྟུན་མཁས་ལ་བརྟེན་ནས་ཤེས་དཔལ་མཆོག་གྱུར་གྱི་བསམ་བློ་དོར་དགོས།
     —— ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་མཉམ་དུ་དར་སྤེལ་བཏང་ནས་ཞི་བདེ་དང་། འཕེལ་རྒྱས། གཞུང་དྲང་། དྲང་བདེན། དམངས་གཙོ། རང་དབང་བཅས་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དོན་གཉེར་ཡིན་པས། བློ་རྒྱ་ཡངས་པོར་བརྟེན་ནས་ཤེས་དཔལ་མི་འདྲ་བས་རིན་ཐང་གི་དོན་སྙིང་ལ་འཛིན་པའི་ལྟ་སྟངས་ལ་བསམ་ཤེས་བྱེད་དགོས་པ་ལས། རང་ཉིད་ཀྱི་རིན་ཐང་ལྟ་བ་དང་བྱེད་སྟངས་གཞན་ལ་བཙན་འགེལ་བྱེད་མི་རུང་ལ་འདུ་ཤེས་འཛིན་སྟངས་ཁ་གཏད་དུ་ལངས་མི་རུང་།
     —— ང་ཚོས་ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་རྒྱུ་མཉམ་དུ་དར་སྤེལ་བཏང་ནས་རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་འཚོལ་ཞིབ་སྔོག་འདོན་གང་ལེགས་བྱས་ཏེ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྒྱལ་ཁབ་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ངང་གཞན་སྒྱུར་དང་གསར་གཏོད་རང་བཞིན་ངང་འཕེལ་རྒྱས་འགྲོ་བ་བྱེད་དགོས།
     —— ང་ཚོས་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མཉམ་དུ་དར་སྤེལ་བཏང་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་ཐད་གླེང་མོལ་བྱེད་པའི་མཉམ་ལས་དྲ་རྒྱ་འཛུགས་རྒྱུར་གྲོས་བསྡུར་བྱས་ནས་སྤེལ་རེས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། མཉམ་ལས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
     མཇུག་ཏུ་ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་རྒྱང་ལམ་དུ་བསྐྱོད་པར་དཀའ་ངལ་འཕྲད་སྲིད་ཀྱང་མདུན་ལམ་ནི་མཐར་གཏུགས་འོད་ཟེར་ལྡན་པ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ནས་རང་རང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བྱ་གཞག་འཛམ་གླིང་དར་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ཞིག་ཏུ་འགྱུར་བ་བྱས་ཏེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མདུན་སྐྱོད་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་འདོད་ཡོད།
     ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཙུང་ཐུང་ལཱ་མཱ་ཧྥུ་སཱ་དང་། ལྷོ་སུའུ་ཏན་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞི་ཙུང་ཐུང་ཅི་ཨར། ནི་ཁ་ར་ཀྭ་སུང་ཏི་ནུའོ་མི་རིགས་བཅིངས་འགྲོལ་འཐབ་སའི་སྤྱི་ཁྱབ་ཧྲུའུ་ཅི་ཙུང་ཐུང་ཨོར་ཐེ་ཅཱ། ཝེ་ནེ་ཙུའེ་ལའི་གཅིག་གྱུར་སྤྱི་ཚོགས་རིང་ལུགས་ཏང་གི་ཀྲུའུ་ཞི་ཙུང་ཐུང་མཱ་ཏུའུ་ལུའོ། སར་ཝ་ཏོལ་མདུན་སྐྱོད་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཝུའུ་ཆི་ཆི། མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི་སྲིད་གཞུང་གི་ཙུང་ལི་ཨའོ་ཡུན་ཨེར་ཏེང་། ཐི་མོར་ཤར་མའི་མི་དམངས་བཅིངས་འགྲོལ་ཏང་གི་ཀྲུའུ་ཞི་སྲིད་གཞུང་གི་ཙུང་ལི་ལུའུ་ཝ་ཁེ། ཕ་ཕུ་ཡ་ཀུའི་ནེ་ཡ་ཕན་ཀུའུ་ཏང་གི་གཙོ་འཛིན་སྲིད་གཞུང་གི་ཙུང་ལི་མཱ་ལཱ་ཕའེ། ཀེ་རེན་ན་ཏའི་མི་རིགས་དམངས་གཙོ་ཚོགས་ཆེན་ཏང་གི་གཙོ་འཛིན་སྲིད་གཞུང་གི་ཙུང་ལི་སྨི་ཆེར། ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུ་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལེ་ཙི་ལོ་ཧྥུ། ཧ་སག་སི་ཐན་གྱི“ཨ་མཱ་ན་ཐེ”ཏང་གི་ཀྲུའུ་ཞི་ཁོ་ཧྲ་ནུའོ་ཧྥུ། ཏོ་ཀོའི་སྲུང་དམག་སྤྱི་མཐུན་མནའ་འབྲེལ་གྱི་སྤྱི་ཁྱབ་སི་ཁུའུ་དང་རྒྱལ་དམངས་གྲོས་ཚོགས་ཀྱི་དབྱི་ཀྲང་ཚའེ་ཀང་སོགས་ཀྱིས་གླེང་མོལ་ཚོགས་འདུར་ཤིས་ཚིག་བསྒྲོན་ནས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ལ་བདམས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། དུས་རབས་གསར་པའི་ལོ་བཅུའི་ནང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སྤྲོ་སེམས་ཆེན་པོས་བསྔགས་བརྗོད་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གསུང་བཤད་ནང་བཏོན་པའི་སྲིད་ཇུས་ཀྱི་འདོད་ཚུལ་ལ་དང་ལེན་ཧུར་ཐག་ཞུས་ཏེ་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཟླ་3ཚེས་15ཉིན། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ《ལག་སྦྲེལ་དཔུང་གཤིབ་ཀྱིས་དེང་རབས་ཅན་གྱི་ལམ་དུ་སྐྱོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།
ཟླ་3ཚེས་15ཉིན། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ《ལག་སྦྲེལ་དཔུང་གཤིབ་ཀྱིས་དེང་རབས་ཅན་གྱི་ལམ་དུ་སྐྱོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།