༄༅།།རྒྱལ་ཁབ་འདིར་ས་ཡོམ་རིམ་པ་7.0བརྒྱབ་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་16ཉིན། 14:00】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་3ཚེས་16ཉིན་གྱི་ཆུ་ཚོད་8དང་སྐར་མ་56(ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་15ཉིན་གྱི་ཆུ་ཚོད་12དང་སྐར་མ་56 )ཐོག ནེའུ་ཙི་ལན་གྱི་ཁེ་མྰ་ཏེ་ཁེ་གླིང་ཚོམ་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་10ཡིན་ཞིང་། ས་ཡོམ་གྱི་ལྟེ་བ་ནི་ལྷོའི་འཕྲེད་ཐིག་ཏུའུ་30.20དང་ནུབ་ཀྱི་གཞུང་ཐིག་ཏུའུ་176.05ཡིན་པ་རེད།