འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དུས་རབས་བར་མའི་རྣ་ལུང་དང་དངུལ་ཊམ་སོགས་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དུས་རབས་བར་མའི་རྣ་ལུང་དང་དངུལ་ཊམ་སོགས་རྙེད་འདུག
    ཉེ་ཆར། ཧོ་ལན་རྒྱལ་ཁབ་རིག་དངོས་ཁང་གིས་ཁྱབ་བསྒྲགས་བྱས་དོན། ལོ་རྒྱུས་མཁས་དབང་ཞིག་གིས་ལྕགས་རིགས་འཚོལ་ཞིབ་ཡོ་བྱད་སྤྱད་ནས་དུས་རབས་བར་མའི་ནོར་བུའི་རིགས་རྙེད་པའམ་ཡང་ན་ཁུངས་འདེད་ཆོག་པ་ཤེས་རྟོགས་བྱུང་བ་དང་། དེའི་ནང་ནང་གསེར་གྱི་རྣ་ལུང་4དང་། གསེར་གྱི་ལོ་མ་གཉིས། དངུལ་ཊམ་39བཅས་ཚུད་ཡོད་པ་རེད། 
    ཧོ་ལན་རྒྱལ་ཁབ་རིག་དངོས་འགྲེམས་ཁང་ཕྱོགས་ཀྱིས་ཞིབ་འཇུག་བྱས་པ་ལས་མངོན་པར་གཞིགས་ན། རིན་ཆེན་ནོར་བུ་དེ་དག་གི་ཁྲོད་ལོ་དུས་ཉེ་ཤོས་དེ་1250ལོ་ཙམ་བར་དུ་ཁུངས་འདེད་ཆོག་པ་དང་། རིན་ཆེན་ནོར་བུ་དེ་དག་གི་ལོ་རྒྱུས་ནི་དངུལ་ཊམ་ལས་ལོ་ངོ་ཉིས་བརྒྱ་ཙམ་རིང་བ་ཡོད། 
    ཞིབ་འཇུག་མི་སྣས། དུས་རབས་13པའི་དུས་དཀྱིལ་དུ་ས་གནས་དེ་གར་དམག་འཁྲུག་ཐོན་མྱོང་བ་དང་། “རིན་ཐང་ཆེ་བའི་རྩ་ཆེའི་རྒྱུ་ནོར་”འདི་དག་ནི་ཕལ་ཆེར་སྐབས་དེ་དུས་སྦས་པ་ཡིན་སྲིད་ཟེར། 
༄༅།།དུས་རབས་བར་མའི་རྣ་ལུང་དང་དངུལ་ཊམ་སོགས་རྙེད་འདུག