འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་པའོ་ཏེར་ལ་གློག་འཕྲིན་བཏང་ནས་ནེ་པ་ལའི་ཙུང་ཐུང་གི་འགན་བཞེས་པར་རྟེན་
འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ཏེར་ལ་གློག་འཕྲིན་བཏང་ནས་ཁོང་གིས་ནེ་པ་ལའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་གནང་བ་རེད།
   ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་རེད། 1955ལོར་ཕྱི་འབྲེལ་བཙུགས་པ་ནས་ཀྲུང་ནེའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་བྱུང་སྟེ། རྒྱལ་ཁབ་ཆེན་པོ་དང་ཆུང་ངུའི་དབར་ཞི་བདེ་མཉམ་གནས་དང་མཛའ་གྲོགས་རོགས་རེས་ཀྱི་དཔེ་མཚོན་བཏོད་ཡོད། ངས་ཀྲུང་ནེའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་པའོ་ཏེར་དང་མཉམ་དུ་འབད་འཐབ་བྱས་ནས་ཀྲུང་ནེའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཀྲུང་ནེ་འཕེལ་རྒྱས་དང་དར་རྒྱས་ཀྱི་མི་རབས་མང་པོའི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།