འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདི་3ལ་བརྟག་དཔྱད་བྱས་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་14ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ཁྲེང་ཏུའུ་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་ལྟ་ཞིབ་ཨུ་ལྷན་གྱིས་གནས་འཕྲིན་སྤེལ་བ་གཞིགས་ན། གཤམ་གྱི་འགོ་ཁྲིད་འདི་3ལ་བརྟག་དཔྱད་བྱེད་ཀྱིན་ཡོད་པ་རེད། 
     ཁྲེང་ཏུའུ་གྲོང་ཁྱེར་འཆར་འགོད་དང་རང་བྱུང་ཐོན་ཁུངས་ཅུས་ས་ཞིང་ཁྲོམ་ར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ལི་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་ཅིང་། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
     ཁྲེང་ཏུའུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་ཞབས་ཞུ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་དང་། རིམ་པ་དང་པོའི་བརྟག་ཞིབ་པ་ལི་ཅན་ཧྥེང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་ཅིང་། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
     ཁྲེང་ཏུའུ་ཝུན་ཅང་ཞིན་རུང་ཞི་གྲོང་ཁྱེར་གཉེར་སྐྱོང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཨུ་ཡོན་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱང་ཀྲེན་ཅན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་ཅིང་། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།