འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་
ཞུགས་མཁན་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་14ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་མགྲིན་ཚབ་པ་ཧུའུ་ཀྲའོ་མིང་གིས། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུ་པེ་ཅིང་གི་དུས་ཚོད་ཟླ་3ཚེས་15ཉིན་བརྙན་ལམ་ནས་འཚོག་གི་ཡོད་ཅིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གླེང་མོལ་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་གི་རེད། ད་རེས་ཀྱི་གླེང་མོལ་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“དེང་རབས་ཅན་གྱི་འགྲོ་ལམ། སྲིད་ཏང་གི་འགན་འཁྲི”ཡིན་པ་དང་རྒྱལ་ཁབ་མང་པོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་པ་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཀྱི་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།