འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཏང་ནན་སྐྱོང་དང་རུལ་སུངས་ལ་རྒོལ་བའི་ཐད་གསུངས་དོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་13ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་13ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་སྐྱོང་བར་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་ཐུབ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་། བློ་བརྟན་འགྱུར་མེད་ཡོང་བ་བྱས་ནས་རང་ངོས་གསར་རྗེས་བྱེད་ཕོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ཕོད་པ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ནས། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། མདོག་མི་འགྱུར་བ། དྲི་མ་མི་འགྱུར་བ་བཅས་འགན་ལེན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།