འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་རེ་ཡིས་སྒོར་1600ལེན་ཆོག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་12ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལྗང་མདོག་ནུས་ཁུངས་གྲོན་ཆུང་གི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གང་མགྱོགས་འདོན་པ་དང་། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཟླ་3ཚེས་11ཉིན། པེ་ཅིང་གིས་ལྗང་མདོག་འཛད་སྤྱོད་འཛིན་ཤོག་ཁག་དང་པོ་སྤྲད་པ་རེད།
     གསར་འགོད་པས་པེ་ཅིང་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱིས་ཟླ་3ཚེས་11ཉིན་ནས་ཚེས་31ཉིན་བར། ཉིན་རེའི་སྔ་དྲོའི་ཆུ་ཚོད་10:00ནས་བཟུང་། པེ་ཅིང་དུ་ཡོད་པའི་འཛད་སྤྱོད་པར་ཕྱོགས་ཏེ། ཁེ་ལས་ཀྱི་དྲ་ཐོག་ལས་སྟེགས་ཁག་དང་པོ་13བརྒྱུད་པེ་ཅིང་གི་ལྗང་མདོག་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ་དང་དྲ་ཐོག་དང་དྲ་འོག་གཉིས་ཀར་སྤྱོད་ཆོག་གི་ཡོད་པ་རེད། དེའི་རིང་པེ་ཅིང་གི་འཛད་སྤྱོད་པས་ཁེ་ལས་ནང་ཞུགས་པའི་དྲ་ཐོག་ལས་སྟེགས་ནས་འཛད་སྤྱོད་འཛིན་ཤོག་མང་པོ་ལེན་རྒྱུ་ཡོད་པ་དང་། རིན་ཐང་སྒོར་100ནས་སྒོར་600བར་ཡིན་པ་དང་འཛད་སྤྱོད་པས་སྟེགས་བུ་གཅིག་ནང་མང་ཤོས་སུ་སྒོར་1600ཡི་འཛད་སྤྱོད་འཛིན་ཤོག་ལེན་ཆོག་པ་དང་། འཛད་སྤྱོད་འཛིན་ཤོག་བེད་སྤྱོད་དུས་བཀག་ནི་ཟླ་3ཚེས་31ཉིན་གོང་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འཛད་སྤྱོད་སྤ་སེ་དེར་ཆ་རྐྱེན་དང་མཐུན་པའི་ལག་ཁྱེར་ཁ་པར་དང་། ཟིན་བྲིས་གློག་ཀླད། མི་མེད་གནམ་གྲུ གློག་ཀླད་སོགས་རིག་ནུས་ཚོང་ཟོག་རིགས་55ཚུད་ཡོད་པ་རེད།