༄༅།།རྒྱལ་ཁབ་འདིས་ཡུག་རེན་ལ་རོགས་སྐྱོར་བྱ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་12ཉིན། 13:42】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་10ཉིན། ཧྥིན་ལན་གྱིས་ཡུག་རེན་ལ་ཁྱོན་ཡོ་སྒོར་ཁྲི་2900ཟིན་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། རོགས་སྐྱོར་འཆར་གཞི་དེ་ནི་ཧྥིན་ལན་སྲིད་གཞུང་གིས་2022ལོར་ཡུག་རེན་ལ་རྒྱབ་སྐྱོར་བྱ་ཆེད་མཁོ་འདོན་བྱས་པའི་ཡོ་སྒོར་ཁྲི་7000གི་མ་དངུལ་ལྷག་མའི་ཆ་ཤས་ཤིག་རེད།