༄༅།།རུལ་སུངས་འདིའི་རིཊ་མཐའ་གཅིག་ཏུ་དག་ཐེར་བྱེད་དགོས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་12ཉིན། 13:41】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
མང་ཚོགས་ཉེ་འགྲམ་གྱི“སྦྲང་ནག་ལྐོག་ཟ”དང་“གྲོག་མ་རུལ་སུངས”གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། ཏང་དང་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བར་གཏོར་བཤིག་གཏོང་གི་ཡོད། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྥེང་ལིང་རྨིན་འཐུས་མིས་བཤད་དོན། ཀོང་ཞིའི་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་ལས་ཁུངས་རིམ་པ་ཁག་གིས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དག་ཐེར་བཅོས་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་རུལ་སུངས་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་། རྣམ་གྲངས་ལ་ཐེ་ཇུས་དང་བཟའ་འཁྱེར་བཀག་ལེན་སོགས་ཀྱི་གནད་དོན་ལ་ཆད་གཅོད་མཐའ་གཅིག་ཏུ་བྱས་ཏེ་དག་ཐེར་དང་བཅོས་སྐྱོབ་བྱེད་དགོས།
འཐུས་མི་ཧྥེང་ལིང་རྨིན་གྱིས་བཤད་དོན། རྗེས་མར་ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་བྱ་རྒྱུར་ཤུགས་བརྒྱབ་ནས། ཏང་གི་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བའི་སྐུལ་འདེད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤྱོད་གཙང་གྲོང་གསེབ་འཛུགས་སྐྲུན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱོད་གཙང་སྒྲིག་ནན་རུལ་རྒོལ་གྱི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱ་དགོས།
