༄༅།།ཨུ་ཡོན་ལིའུ་ཀྲེང་གིས་གསུངས་དོན། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་གི་ཡིན།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་12ཉིན། 13:35】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ལོའི་ཚོགས་འདུ་གཉིས་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྲེན་དབྱང་ལུས་རྩལ་སློབ་གླིང་གི་ཡོན་ཀྲང་ལིའུ་ཀྲེང་གིས་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་ཞིག་བསྣམས་ནས། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་དང་དེ་འབྲེལ་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་ཆེད་ཐབས་འདོན་ཇུས་འབུལ་གནང་བ་རེད།
གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་རེད། ལིའུ་ཀྲེང་གིས་ངོས་འཛིན་གནང་དོན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་རྗེས། རང་རྒྱལ་སྤྱི་དམངས་ཀྱི་གངས་འཁྱགས་ལུས་རྩལ་ལ་ཞུགས་པའི་སྤྲོ་སེམས་འཕེལ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྗེས། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་དང་དེ་བཞིན་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་མོད། ད་དུང་ཐག་གཅོད་བྱེད་དགོས་པའི་འགག་རྩའི་གནད་དོན་སྔར་བཞིན་གནས་པ་དང་། དེ་དག་གཙོ་བོ་སྤྱི་དམངས་གངས་འཁྱགས་ལུས་རྩལ་ལ་ཞུགས་པའི་ཧུར་སེམས་ཆེན་པོ་མེད་པ་དང་། གངས་འཁྱགས་ལུས་རྩལ་རྣམ་གྲངས་ཀྱི་ཕྱོགས་ཡོངས་འགྲན་རྩོད་ནུས་པ་ཆེན་པོ་མེད་པ། གངས་འཁྱགས་ར་བའི་སྒྲིག་ཆས་ཀྱི་ཞན་ཆ་སྔར་བཞིན་ཡོངས་ཁྱབ་གནས་པ། མཐོ་སློབ་ཀྱི་ཐོན་ཁུངས་ལེགས་ཆ་གང་ལེགས་འདོན་མ་ཐུབ་པ་སོགས་ཀྱི་ཐད་ནས་མངོན་པ་ཡང་མཐོང་དགོས།
ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་ཐད་ལིའུ་ཀྲེང་གིས་ངོས་འཛིན་གནང་དོན། “རྒྱལ་ཁབ་ཀྱི་གསོ་སྐྱོང་+མཐོ་སློབ་ཀྱི་གསོ་སྐྱོང་+སྤྱི་ཚོགས་ཀྱི་གསོ་སྐྱོང”གི་གཞི་རྩའི་བྱེད་སྟངས་དང་སྣ་མང་བྱེད་པོའི་མཐུན་སྦྱོར་གྱི་རུ་ཁག་གཉེར་བའི་མ་ལག་ཞིག་ཆགས་པར་བྱེད་དགོས།
