འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཐུས་མི་ལུའུ་ལི་ཧྭ་ཡིས་གསུངས་དོན། རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་12ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ལུའུ་ལི་ཧྭ་ཡིས་མི་རིགས་ཀྱི་གཟབ་མཆོར་སྤྲས་ནས་ནན་ཅན་རྫོང་ལིའུ་ཆིའུ་ཤང་གི་རི་གྲོང་དུ་བརྒྱབ་པའི་པར་ཡིན་པ།
འདི་ནི་ལུའུ་ལི་ཧྭ་ཡིས་མི་རིགས་ཀྱི་གཟབ་མཆོར་སྤྲས་ནས་ནན་ཅན་རྫོང་ལིའུ་ཆིའུ་ཤང་གི་རི་གྲོང་དུ་བརྒྱབ་པའི་པར་ཡིན་པ།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་ལུའུ་ལི་ཧྭ་ནི་ཡུན་ནན་ཞིང་ཆེན་ཏ་ལིའི་པའེ་རིགས་རང་སྐྱོང་ཀྲོའུ་ནན་ཅན་དབྱིས་རིགས་རང་སྐྱོང་རྫོང་གི་གཞི་རིམ་གྱི་རིག་རྩལ་ལས་དོན་པ་ཞིག་ཡིན་པ་དང་། ཁོང་ནི་གཞི་རིམ་གྱི་རིག་རྩལ་ལས་དོན་པ་ཞིག་རེད་ཁོང་གིས་ཡུན་རིང་ཚུན་དུ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་གནང་བཞིན་ཡོད། ཁོང་གི་ཕ་ཡུལ་ནན་ཅན་དབྱིས་རིགས་རང་སྐྱོང་རྫོང་གི་དབྱིས་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་ནི་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པ་དང་། དེར་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ལུའུ་ལི་ཧྭ་ཡིས་དབྱིས་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་རུ་ཁག་བཙུགས་ནས་གཞི་རིམ་དུ་བསྐྱོད་དེ། མང་ཚོགས་ཚོར་འཁྲབ་སྟོན་དང་སློབ་ཁྲིད་བྱེད་པ་དང་། རིག་གནས་གཤམ་སྤེལ་གྱི་དམངས་ཕན་འཁྲབ་སྟོན་སོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་ནས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་གཏོང་བ་དང་ཆབས་ཅིག གྲོང་གསེབ་ཀྱི་རིག་རྩལ་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས། གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་ཀྱི་ཡོད། ལུའུ་ལི་ཧྭ་ཡིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱས་ཏེ། རིག་རྩལ་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་ཀྱི་ཡིན་ཞེས་གསུངས།