འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཐུས་མི་ལི་ཧྲེ་ཡའོ་ཡིས་གསུངས་དོན། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དཔྱད་རྩོམ་ས་གཞི་ཆེན་པོར་འབྲི་གི་ཡིན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་11ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ལི་ཧྲེ་ཡའོ་ཀྲུང་ཆིང་གྲོང་ཚོའི་ཚོད་ལྟའི་ཞིང་འགྲམ་དུ་ཡོད་པ།
འདི་ནི་ལི་ཧྲེ་ཡའོ་ཀྲུང་ཆིང་གྲོང་ཚོའི་ཚོད་ལྟའི་ཞིང་འགྲམ་དུ་ཡོད་པ།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཧྲེ་ཡའོ་ནི་ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་ཀྲུང་ཧྲན་ཆུས་ཧྲོང་ཀ་ཁྲོམ་གཞུང་ཀྲུང་ཆིང་གྲོང་ཚོའི་གྲོང་མི་དང་ལིའུ་ཕན་ཧྲུའེ་རི་ཆུ་གླིང་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡིན་ཞིང་། ཁོང་ཞིང་པའི་བུ་ཕྲུག་ནས་འབུམ་རམས་པར་གྱུར་པ་དང་། ཡང་དེ་ནས་ཕ་ཡུལ་དུ་ལོག་སྟེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཚན་རིག་ཞིབ་འཇུག་དང་འདེབས་འཛུགས་ལ་གཞོལ་ཏེ་ཆེད་ལས་ཀྱི་ཤེས་བྱར་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་ཀྱི་ཡོད། གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཧྲེ་ཡའོ་ཡིས་ཚོད་ལྟའི་དྲོད་ཁང་ཆེན་པོ་སོགས་སྒྲིག་བཀོད་དང་སྒྲིག་ཆས་ཟམ་མི་ཆད་པར་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གྲང་ངར་འགོག་ཐུབ་པའི་ཐོན་རྫས་རིགས་མུ་མཐུད་ལེགས་འདེམས་བྱས་ནས་རི་གྲོང་གི་དེང་རབས་ཅན་གྱི་ཞིང་ལས་འདེབས་འཛུགས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།