འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་ཡོན་ཟླ་ལྷོས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐད་གསུངས་དོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་10ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཨུ་ཡོན་ཟླ་ལྷོས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐད་གསུངས་དོན།
     ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཞང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་པ་རིགས་ཀྱི་མང་ཚོགས་འདུས་སྡོད་ཁུལ་གཅིག་པུ་ཡིན་ལ། གསར་དུ་བསྐོ་གཞག་བྱས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཁ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་རིམ་པ་གཉིས་པའི་རོལ་དབྱངས་འཁྲབ་སྟོན་པ་ཟླ་ལྷོའི་ཕ་ཡུལ་ཡང་རེད།
     ལས་ཀའི་རྐྱེན་གྱིས་ཟླ་ལྷོ་རྟག་ཏུ་མཐའ་མཚམས་ཀྱི་རྫོང་དང་ཞང་དུ་དམངས་གཞས་འཚོལ་བསྡུ་བྱེད་པར་ཕེབས་དགོས་ཤིང་། ཁོང་གིས་ལོ་དེ་དག་རིང་བོད་ལྗོངས་ཀྱི་མཐའ་མཚམས་དང་གྲོང་གསེབ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་བདེན་དཔང་གནང་ཡོད། གཙང་པོའི་ངོགས་སུ་བསྐྲུན་པའི་མཛེས་ལྗོངས་རྐང་ཐང་ལམ་དང་། རི་སྔོ་ཆུ་དྭངས་ཁྲོད་ཁྲ་ཚོམ་བཏབ་པ་ལྟ་བུའི་ཚོན་མདོག་རྣམ་པར་བཀྲ་བའི་གྲོང་མིའི་སྡོད་ཁང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཉི་ནུས་ལམ་སྒྲོན་བཅས་དང་། དེ་བཞིན་གསར་དུ་བཏིང་བའི་གྲོང་གསེབ་གཞུང་ལམ་དང་ཆུ་གློག འཕྲིན་གཏོང་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དག་གིས་དགུང་སྔོན་འོག་དང་རི་མཐོའི་གམ་དུ་གནས་པའི་གནའ་བོའི་གྲོང་ཚོ་དེ་ལེགས་པར་བརྒྱན་ནས་མཛེས་ཤིང་ཡིད་དུ་འོང་བའི་རྣམ་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད།
     འོན་ཀྱང་ཆུང་དུས་སྐབས་ཀྱི་ཟླ་ལྷོའི་ཕ་ཡུལ་ནི་དེ་ལྟ་བུ་ག་ལ་ཡིན། སྐབས་དེར་ཁོང་ལོ་ལྟར་ཕ་མ་དང་མཉམ་དུ་ཕ་ཡུལ་དུ་གཉེན་ཉེ་ཐུག་པར་ཕེབས་ཤིང་། ལམ་བར་དུ་དུས་ཚོད་ཉིན་གཉིས་འགོར་གྱི་ཡོད་ལ། འགྲོ་ལམ་ཡང་ཡག་པོ་མེད། “ད་ཆ་ཆུ་ཚོད3ལྷག་ཙམ་ནང་སླེབས་ཀྱི་ཡོད་པས་ཕལ་ཆེར་སྣུམ་གནོན་ཐེངས་གཅིག་ཙམ་རེད”ཅེས་ཁོང་གིས་སྤོབས་པ་ཆེན་པོས་གསུངས།
     གྲོང་ཚོ་ཇེ་མཛེས་དང་ཞིང་དུད་ཇེ་ཕྱུག་གྱུར་ཞིང་། ལོ་དེ་དག་ནང་བོད་ལྗོངས་ཀྱིས་མཐའ་མཚམས་སྲ་བརྟན་གྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་མཐའ་མཚམས་མང་ཚོགས་ཀྱི་རེ་སྒུག་ཐག་གཅོད་བྱ་རྒྱུ་དེ་འགོ་འཛུགས་ས་དང་ཚད་བརྒལ་བྱེད་སར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་མི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་ཁྲི1.26བར་མཐོ་རུ་བཏང་བ་དང་། ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ624བསྐྲུན་ཡོད།
     དེ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། ལོ་འདི་དག་ནང་མདོ་ཡུལ་ལྷོ་པ་མི་རིགས་ཞང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡང་རིམ་བཞིན་རྒྱ་ཆེར་ཕྱིན་ཡོད་ལ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཡང་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། ད་ཆ་ཁོང་ཕ་ཡུལ་དུ་དམངས་གཞས་འཚོལ་བསྡུ་བྱེད་པར་སྐྱོད་དུས་ལྷོ་པའི་བགྲེས་སོང་ཚོ་དང་་གླེང་མོལ་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད་ལ། ཁོང་ཚོའི་ས་ནས་ཐོས་མང་ཤོས་ཀྱང“ཏང་གི་སྲིད་ཇུས་བཟང་པོ་མེད་ཚེ་ལྷོ་པའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད”ཅེས་པའི་ད་ལྟའི་འཚོ་བར་བསྔགས་བརྗོད་བྱེད་པའི་སྐད་ཆ་དག་རེད།
     གྲུབ་འབྲས་མཉམ་དུ་གླེང་ཞོར་དུ་གསར་དུ་བསྐོ་གཞག་བྱས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཟླ་ལྷོས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་སྒྲུབ་པ་དང་ཐབས་ཇུས་འདོན་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཤིང་། ཁོང་གིས། འབྱུང་འགྱུར་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་སྲིད་ཇུས་ཁག་གཅིག་མི་འབོར་ཅུང་ཉུང་བའི་མི་རིགས་རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་ཐད་ཕྱོགས་རྒྱུའི་རེ་བ་ཡོད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་བརྒྱུད་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་། ལེགས་སྒྲིག སྲུང་སྐྱོང་། འཕེལ་རྒྱས་བཅས་བཏང་སྟེ། སྤུས་ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རྒྱལ་སྤྱི་རྒྱལ་ནང་དང་སྦྲེལ་མཐུད་བྱས་ཏེ་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕན་ཚུན་མཉམ་འདྲེས་ཐུབ་པ་དང་། རིག་གནས་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དེ་བས་མང་བ་སོར་ཉར་ཐུབ་པ་བྱེད་པ་དང་ཆབས་ཅིག གྲངས་ཉུང་མི་རིགས་ཀྱི་རིག་གནས་ཕྱིར་སྐྱོད་ཐུབ་པ་བྱས་ཏེ“རང་སྟོབས་རང་སྤེལ”གྱི་ནུས་པ་འདོན་གང་ཐུབ་བྱེད་པའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་གསུངས།
༄༅།།ཨུ་ཡོན་ཟླ་ལྷོས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐད་གསུངས་དོན།
༄༅།།ཨུ་ཡོན་ཟླ་ལྷོས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐད་གསུངས་དོན།