འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱང་སྣེའི་དྲོད་ཚད་15.2℃འཕར་ནས་འཁྱམས་རོམ་བཞུར་བཞིན་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་10ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བྱང་སྣེའི་དྲོད་ཚད་15.2℃འཕར་ནས་འཁྱམས་རོམ་བཞུར་བཞིན་འདུག
    བྱང་སྣེའི་ས་ཁུལ་དུ་རྒྱུན་ལྡན་མིན་པའི་དྲོད་ཚད་མཐོ་བའི་གནམ་གཤིས་མངོན་ནས།  བྱང་སྣེའི་མུ་ཁྱུད་ཀྱི་ཉེ་འགྲམ་དུ་གནས་པའི་ཀེ་ལིན་ལན་གླིང་ཕྲན་གྱི་ལྟེ་བའི་གྲོང་ཁྱེར་ནུའུ་ཁེའི་དྲོད་ཚད་དེ་དུས་མཚུངས་ལས་17℃ནས་28℃བར་མཐོ་རུ་ཕྱིན་ཏེ15.2℃ཟིན་ནས། ལོ་རྒྱུས་ཐོག་གི་དུས་མཚུངས་ཀྱི་དྲོད་ཚད་མཐོ་ཤོས་བཏོད་ཡོད།
   བྱང་སྣེའི་ས་ཁུལ་གྱི་གནམ་གཤིས་དྲོ་རུ་སོང་བ་དང་ཆབས་ཅིག ཀེ་ལིན་ལན་གླིང་ཕྲན་དུ་ཁྱབ་པའི་འཁྱག་ཁེབས་ཀྱང་མགྱོགས་མྱུར་ངང་ཞུ་བཞིན་ཡོད། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ཟླ་7ཚེས་15ཉིན་ནས་ཚེས་17ཉིན་བར་གྱི་ཉིན་གསུམ་ནང་། ཀེ་ལིན་ལན་གླིང་ཕྲན་དུ་ཉིན་རེར་འཁྱགས་པའི་འདུས་ཚད་ཏུན་དུང་ཕྱུར་60ཙམ་ཟིན་ནས། ཨོ་རྩལ་འགྲན་ཚོགས་ཀྱི་ཚད་གཞི་ཁྲི་720ཟིན་པའི་ཆུ་རྐྱལ་རྫིང་བུ་མང་པོ་ཡོད་པ་རེད། འདས་ཟིན་པའི་ལོ་བཅུ་གྲངས་ནང་། ཀེ་ལིན་ལན་གླིང་ཕྲན་གྱི་འཁྱག་ཁེབས་བཞུར་ནས། གོ་ལ་ཧྲིལ་པོའི་མཚོ་ངོས་མཐོ་རུ་འགྲོ་རྒྱུར་ལེགས་སྐྱེས་འབུལ་ཚད་20%ནས་25%བར་ཟིན་ཡོད། ཏེན་མག་གི་བྱང་སྣེའི་ཞིབ་འཇུག་མི་སྣས་འདས་ཟིན་པའི་ལོ་ཉི་ཤུའི་ནང་ཀེ་ལིན་ལན་གླིང་ཕྲན་གྱི་འཁྱག་ཁེབས་ལ་འཁྱགས་ཏུན་དུང་ཕྱུར་ཁྲི་4.7གྱོང་གུན་ཕོག་ནས་མཚོ་ངོས་ལི་སྨི་1.2མཐོ་རུ་ཕྱིན་ཡོད་ཅེས་བཤད་པ་རེད། གལ་ཏེ་ཀི་ལིན་ལན་གླིང་ཕྲན་གྱི་འཁྱགས་ཁེབས་ཚང་མ་བཞུར་ན།གོ་ལ་ཧྲིལ་བོའི་མཚོ་ངོས་སྨི་7.5ཡར་འཕར།