འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡིས་སྲིད་གཞུང་སྒྲིག་སྲོལ་གྱི་སྒུལ་རྣམ་གཙང་སེལ་ལམ་སྲོལ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་09ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   《བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཞིང་ཆེན་སྲིད་གཞུང་སྒྲིག་སྲོལ་གྱི་སྒུལ་རྣམ་གཙང་སེལ་ལས་དོན་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལས་རྗེས་དཔྱད་དཔོག་དང་ཁྲིམས་སྐྱོང་ལྟ་ཞིབ་ཁྱབ་ཁོངས་ནང་བཅུག་ནས། སྲིད་གཞུང་སྒྲིག་སྲོལ་གྱི་ལག་བསྟར་སྡེ་ཚན་གྱིས་སྒྲིག་སྲོལ་གྱི་སྒུལ་རྣམ་གཙང་སེལ་འགན་འཁྲི་ལག་བསྟར་མ་བྱས་པའམ་ཡང་ན་ལག་བསྟར་ཡང་དག་མ་བྱས་པའི་རིགས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་གྱི་ལྟ་ཞིབ་ལས་དོན་གཏན་འབེབས་སོགས་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་དགོས།
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས《ཀན་སུའུ་ཞིང་ཆེན་གྱི་སྲིད་གཞུང་སྒྲིག་སྲོལ་གྱི་སྒུལ་རྣམ་གཙང་སེལ་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས། སྲིད་གཞུང་སྒྲིག་སྲོལ་གྱི་སྒུལ་རྣམ་གཙང་སེལ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྒྲིག་སྲོལ་ལག་བསྟར་སྡེ་ཚན་གྱི་ཁྲིམས་བཙུགས་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས། སྲིད་གཞུང་སྒྲིག་སྲོལ་གྱི་སྒུལ་རྣམ་གཙང་སེལ་ལམ་སྲོལ་བཙུགས་ཡོད་པ་རེད།
   《བྱེད་ཐབས》ནང་གནས་ཚུལ་རིགས་བཅོ་ལྔ་བཏོན་ཞིང་། དེ་དག་སྒྲིག་སྲོལ་ལག་བསྟར་སྡེ་ཚན་གྱིས་གནས་ཚུལ་དངོས་ལ་གཞིགས་ནས་སྒྲིག་སྲོལ་ཉར་ཚགས་དང་། བཟོ་བཅོས། མཚམས་འཇོག་བཅས་ཀྱི་བསམ་འཆར་བཏོན་དགོས་པ་དང་། ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་གྱི་བསམ་འཆར་ཁ་གསལ་བཟོས་ནས། སྲིད་གཞུང་ཁྲིམས་བཙུགས་ཀྱི་རྗེས་མཐུད་ལས་དོན་སྤེལ་དགོས། 《བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཞིང་ཆེན་སྲིད་གཞུང་སྒྲིག་སྲོལ་གྱི་སྒུལ་རྣམ་གཙང་སེལ་ལས་དོན་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལས་རྗེས་དཔྱད་དཔོག་དང་ཁྲིམས་སྐྱོང་ལྟ་ཞིབ་ཁྱབ་ཁོངས་ནང་བཅུག་ནས། སྲིད་གཞུང་སྒྲིག་སྲོལ་གྱི་ལག་བསྟར་སྡེ་ཚན་གྱིས་སྒྲིག་སྲོལ་གྱི་སྒུལ་རྣམ་གཙང་སེལ་འགན་འཁྲི་ལག་བསྟར་མ་བྱས་པའམ་ཡང་ན་ལག་བསྟར་ཡང་དག་མ་བྱས་པའི་རིགས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་གྱི་ལྟ་ཞིབ་ལས་དོན་གཏན་འབེབས་སོགས་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་རྒྱུ།
   《བྱེད་ཐབས》བཟོས་པ་དེས་སྲིད་གཞུང་སྒྲིག་སྲོལ་གྱི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་གྱི་ལག་བསྟར་ཕན་ནུས་ཆེ་རུ་གཏོང་བ། སྒྲིག་སྲོལ་གྱི་དོ་དམ་འགན་འཁྲི་ཁ་གསལ་བཟོ་བ་བཅས་ཀྱི་ངོས་ནས་བརྗོད་ན་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ལ། སྲིད་གཞུང་སྒྲིག་སྲོལ་གྱི་དོ་དམ་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་འགན་ལེན་གལ་ཆེན་ཞིག་ཀྱང་རེད།