འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན་གྱིས་འབྱུང་འཕྲོད་ནུས་རྒྱུ་འཕེལ་རྒྱས་བཏང་ནས་ཆན་ཝ་ཁྲི་1000ཟིན་པའི་འོད་ཤུགས་
རྣམ་གྲངས་ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་09ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཆེན་གྱི་ཆན་ཝ་ཁྲི་1000ཟིན་པའི་འོད་ཤུགས་ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་རྣམ་གྲངས་ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་500ཙམ་བཏང་ཡོད། དེའི་ནང་ཁག་དང་པོར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་400ཟིན་པའི་རྣམ་གྲངས་64ཀྲོའུ་དང་གྲོང་ཁྱེར་7དུ་དོན་འཁྱོལ་བྱ་རྒྱུ་དང་། མ་དངུལ་སྒོར་དུང་ཕྱུར་200ལྷག་ཙམ་བཏང་ནས་ཡུན་ནན་ནུས་རྒྱུ་མ་འཇོག་ཚོགས་པའི་ཁོངས་གཏོགས་ཀྱི་འབྱུང་འཕྲོད་ནུས་རྒྱུ་ཚོགས་པ་དང་ཡུན་ནན་མ་འཇོག་ཚོགས་པས་བཙུགས་པའི་ཡུན་ནན་འབྱུང་འཕྲོད་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིས་ལག་བསྟར་བྱེད་རྒྱུ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་ཁག་དང་པོ་བསྐྲུན་རྗེས་ལོ་ལྟར་ཞིང་ཆེན་ཡོངས་སུ་འབྱུང་འཕྲོད་གློག་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་52མཁོ་འདོན་བྱས་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་405ཉུང་དུ་གཏོང་རྒྱུ་དང་། རྣམ་གྲངས་དེའི་ཤོང་ཚད་ཡོངས་ནས་གློག་གཏོང་འགོ་ཚུགས་རྗེས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་130ལྷག་ཙམ་ཟིན་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1010ཉུང་དུ་ཕྱིན་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འབྱུང་འཕྲོད་ཀྱི་འགུལ་ནུས་མཁོ་འདོན་ཐུབ་རྒྱུ་རེད།