འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཐུས་མི་ཝང་ལུའུ་ཧྥེན་གྱིས་གསུངས་དོན། འཚེམ་དྲུབ་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་07ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

གཡོན་གྱི་པར་ནི་ཟླ་3ཚེས་4ཉིན་ཝང་ལུའུ་ཧྥེན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཡུན་ནན་གྱི་འཐུས་མི་ཚོགས་པ་བཞུགས་ཡུལ་གྱི་བརྙན་ལམ་བཅར་འདྲི་ཁང་དུ་བཅར་འདྲི་དང་ལེན་གནང་བཞིན་པ། གཡས་ཀྱི་པར་ནི་ཝང་ལུའུ་ཧྥེན(གཡོན)གྱིས་ཡུན་ནན་ཞིང་ཆེན་ཡན་ཧྲན་རྫོང་ཝུའེ་མོ་ཤང་པེ་ཧྲ་ཕོ་གྲོང་ཚོའི་འཚེམ་དྲུབ་འཁོར་ཁང་དུ་དབྱིས་རིགས་ཀྱི་འཚེམ་དྲུབ་མར་ཁྲིད་སྟོན་གནང་བཞིན་པ།(2019ལོའི་ཟླ་4ཚེས་26ཉིན་པར་བླངས)

     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ལུའུ་ཧྥེན་ནི་ཡུན་ནན་ཞིང་ཆེན་ཡན་ཧྲན་རྫོང་ཤོག་དྲས་སྒྱུ་རྩལ་འཚེམ་དྲུབ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཡིན་ཞིང་། ཁོང་གི་མཉམ་ལས་ཁང་དེ་ཐོག་མའི་འཚེམ་དྲུབ་མ་26ནས་ད་ཆའི་མི་2000ལྷག་ཙམ་བར་འཕེལ་རྒྱས་བྱུང་བ་དང་། དེའི་ཁྲོད་ཀྱི་ཕྱེད་ཀ་ཡན་ནི་ལོ་50ཡན་གྱི་བུད་མེད་རེད། བུད་མེད་འདི་དག་གིས་འཚེམ་དྲུབ་ལ་བརྟེན་ནས་ཡོང་འབབ་གསོག་གི་ཡོད། ཝང་ལུའུ་ཧྥེན་གྱིས་ཁོང་དང་གཅེན་གཅུང་ཚོས་ལག་ཟུང་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན་ཞེས་གསུངས་པ་རེད།