འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་
བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་ནན་བཤད་གནང་དོན།

དམངས་གཉེར་དཔལ་འབྱོར་གྱི་སྐྱོན་བྲལ་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་ཡང་དག་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་07ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་3ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་གནང་མཁན་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་དང་ཏིང་ཤུའེ་ཞང་ལྷན་དུ་ཕེབས་ཡོད་པ་མ་ཟད་གྲོས་བསྡུར་ལ་ཞུགས་གནང་བ།
ཟླ་3ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་གནང་མཁན་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་དང་ཏིང་ཤུའེ་ཞང་ལྷན་དུ་ཕེབས་ཡོད་པ་མ་ཟད་གྲོས་བསྡུར་ལ་ཞུགས་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང“འགྱུར་བ་མེད་པ་གསུམ”མཐའ་འཁྱོངས་ཀྱིས་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་ཐོག་མཐའ་བར་གསུམ་དུ་ནང་ཚགས་ལ་བརྩི་གི་ཡོད། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་ལ་གོ་བ་ཡང་དག་ལེན་པར་ཁྲིད་སྟོན་བྱས་ནས་ཡིད་ཆེས་ཆེ་རུ་གཏོང་བ་དང་། ཁུར་པོ་ཡང་དུ་གཏོང་བ། བློ་ཁོག་ཆེན་པོས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་གྱི་སྐྱོན་བྲལ་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་བ་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་དང་ཏིང་ཤུའེ་ཞང་ལྷན་དུ་ཕེབས་པ་མ་ཟད་གྲོས་བསྡུར་ལ་ཞུགས་པ་རེད།
    མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཙེང་ཡུས་ཆུན་དང་། ཤེ་ཏུང་། ལིའུ་ཀྲེན་ཏུང་། ཁྲེན་ཞའོ་ཕིང་། ཤེ་རུའུ། སུན་ཏུང་ཧྲེང་སོགས་ཨུ་ཡོན་6གིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་མཐོ་ས་འཛིན་པ་དང་། དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་དེ་བས་ལེགས་པའི་མཐུན་རྐྱེན་སྐྲུན་པ། ལས་སྟེགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་གྱི་ལེགས་ཆ་དང་གསོན་ཤུགས་སྔར་བས་འདོན་སྤེལ་བྱེད་པ་སོགས་ཀྱི་ཐད་ནས་གཏམ་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། 2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་འགངས་ཆེ་ལ་འགག་རྩའི་ལོ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་དུ་སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་མང་པོའི་རྡབ་རྡེག་འཕྲད་པའི་གནས་ཚུལ་འོག མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་ཧ་ཅང་གལ་འགངས་ཆེ་ལ་ཕུགས་ལ་ཤུགས་རྐྱེན་ཐེབས་པའི་དོན་ཆེན་ཁག་གཅིག་བསྒྲུབས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད།
    ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་5ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་5རེད། རང་རྒྱལ་འཕེལ་རྒྱས་ཀྱི་ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་མ་ཟད། ལྷག་པར་དུ་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རང་རྒྱལ་ལ་ཕྱོགས་ཡོངས་ནས་བཀག་སྡོམ་དང་། སྐོར་བཅོམ། མགོ་གནོན་བཅས་བྱས་ཏེ་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་དྲག་པོ་བཟོས་ཡོད། དུས་མཚུངས། རྒྱལ་ནང་དུའང་ཏོག་གསར་རིམས་ནད་ཡང་ཡང་ཐོན་པ་དང་། དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། ཞུམ་མེད་མདུན་སྐྱོད་དང་། བབ་བརླིང་ངང་ཁ་གཏད་འཇལ་བ། ལོག་བཤད་ལ་ཡིད་ཆེས་མི་བྱེད་པ་དང་། མགོ་གནོན་ལ་མི་སྐྲག་པ། དཀའ་ངལ་ལ་མི་འཛེམས་པ་བཅས་བྱས་པས། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་5.2%འཕར་བ་དང་། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་འཐོབ་པར་སྐུལ་འདེད་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་ཡོད། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་བྱས་རྗེས་ཀྱང་འདུས་ཡོད།
    ཞི་ཅིན་ཕིང་གིས་བསྟན་དོན། དམངས་གཉེར་དཔལ་འབྱོར་ནི་རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་རྣམས་ནང་ཚགས་ལ་བརྩིས་ཏེ། དམངས་གཉེར་ཁེ་ལས་ལ་དཀའ་ངལ་འཕྲད་པའི་སྐབས་སུ་རྒྱབ་སྐྱོར་དང་དམངས་གཉེར་ཁེ་ལས་བློ་ཐག་མི་ཆོད་པའི་སྐབས་སུ་ཁྲིད་སྟོན་བྱེད་ཀྱི་ཡོད། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་གཏོང་བ་དང་། དམངས་གཉེར་ཁེ་ལས་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པར་ཚོད་འཛིན་བཟོ་བའི་ལམ་ལུགས་ཀྱི་འགོག་རྐྱེན་མེད་པར་བཟོ་བ། དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་མཁས་ཅན་གྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། ལམ་ལུགས་དང་བཅའ་ཁྲིམས་ནས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་ལྟ་སྟངས་འདྲ་མཉམ་འཛིན་དགོས་པའི་བླང་བྱ་དོན་འཁྱོལ་བྱེད་པ། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བཅས་བྱས་ནས་ཁྲོམ་རའི་སྔོན་དཔག་དང་ཡིད་ཆེས་ཆེ་རུ་གཏོང་དགོས། ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱས་ནས་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་ལས་སྟེགས་ཁེ་ལས་ཀྱིས་གསར་གཏོད་ལས་ཞུགས་དང་། འཛད་སྤྱོད་རྒྱ་སྐྱེད། རྒྱལ་སྤྱིའི་འགྲན་རྩོད་བཅས་ཀྱི་ཁྲོད་ནུས་ཤུགས་གང་ཡོད་འདོན་པར་རྒྱབ་སྐྱོར་བྱེད་དགོས། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་གྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་ཁོང་ཚོས་བློ་སྟོབས་ཆེར་སྐྱེད་དང་། ཁུར་པོ་ཡང་གཏོང་། བློ་རྩེ་གཅིག་སྒྲིམ་བཅས་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་དུ་འཇུག་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་ཏང་ཀྲུང་དབྱང་གི“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང“སྐྱོན་བྲལ་གཉིས”ཀྱི་མཛད་ཕྱོགས་སྲིད་ཇུས་ལ་གོ་བ་ཡང་དག་ལེན་པར་ཁྲིད་སྟོན་བྱས་ཏེ། སེམས་ཁྲལ་མེད་པར་བཟོ་བ་དང་། ཁུར་པོ་ཡང་དུ་གཏོང་བ། བློ་ཁོག་ཆེན་པོས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་པའི་མི་འདང་བའི་ཆ་དང་འཕྲད་པའི་འགྲན་སློང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། འཕར་བའི་སྒུལ་ཤུགས་བསྒྱུར་བ། གཙོ་ལས་བརྟན་སྲུང་བྱེད་པ། དངོས་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་རང་རྟོགས་ངང་སྐྱོད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན་རེད། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་གང་ཡིན་རུང་ཚང་མ་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཚང་མས་ངེས་པར་དུ་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས། དམངས་གཉེར་ཁེ་ལས་མཁས་ཅན་གྱིས་ཁྱིམ་ལ་བརྩེ་ཞིང་རྒྱལ་ཁབ་ལ་ཞེན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རང་རྟོགས་ངང་ལག་ལེན་བསྟར་ཏེ། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་ལ་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱིས་ཁེ་ལས་ནང་ཁུལ་དུ་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་འཛུགས་པ་དང་ལས་བཟོ་ཡོངས་ཀྱི་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཏང་ནས། ཁེ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་བཟོ་ཡོངས་ལ་དེ་བས་དྲང་གཞག་ངང་ལོངས་སྤྱོད་ཐུབ་པར་བྱེད་དགོས། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་གི་མཐའ་ཚད་བརྟན་དུ་གཏོང་བ་དང་ཕུལ་བྱུང་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་མིག་དཔེ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། སྤྱི་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་ནས་ཕྱུག་པོར་འགྱུར་ཡང་འགན་འཁྲི་ཡོད་པ་དང་། དྲང་གཞག་ལྡན་པ། བརྩེ་བ་ཡོད་པ་བཅས་བྱེད་དགོས།