འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུའི་སྙིང་བསྡུས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་05ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་3ཚེས་5ཉིན། ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བའི་གཙོ་གནད་གཤམ་གསལ། 
   གཅིག འདས་པའི་ལོ་གཅིག་དང་ལོ་ལྔའི་རིང་གི་ལས་དོན་ཕྱོགས་བསྡོམས། 
   འདས་པའི་ལོ་གཅིག་གི་རིང་། 
   ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་3%འཕར་བ། 
   ལོ་ཧྲིལ་པོར་གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་སྒོར་དུང་ཕྱུར་ཁྲི་2.4ལས་བརྒལ་བ། 
   དབུལ་སྒྲོལ་མི་འབོར་གྱི་ལས་གཉེར་གཞི་ཁྱོན་མི་ཁྲི་3200ལྷག་ཙམ་ཟིན། 
   འདས་པའི་ལོ་ལྔའི་རིང་ལ། 
   རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་121བར་འཕར་སྣོན་བྱུང་ཞིང་། ལོ་ལྔའི་ནང་ལོ་རེར་ཆ་སྙོམས་སུ་བརྒྱ་ཆ་5.2འཕར་ཡོད། 
   འབྲུ་རིགས་ཐོན་འབབ་ལོ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་བརྟན་པོ་བྱུང་བ། 
   གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་ལོ་རེར་ཆ་སྙོམས་མི་ཁྲི་1270ལྷག་ཙམ་ཟིན། 
   ལོ་བརྒྱད་རིང་རྒྱུན་མཐུད་ངང་འབད་བརྩོན་བྱས་པ་བརྒྱུད། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་དབུལ་སྒྲོལ་ཐུབ་པ་བྱུང་། 
   གཉིས། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ། 
   རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་5ཡས་མས་འཕར་བར་བྱ་དགོས། 
   གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཁ་གྲངས་མི་ཁྲི་1200ཡས་མས་མང་དུ་གཏོང་རྒྱུ། 
   གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་ཟིན་པར་བྱ་རྒྱུ། 
    འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པར་བྱ་རྒྱུ། 
   གསུམ། ད་ལོའི་སྲིད་གཞུང་ལས་དོན་སྐོར་གྱི་གྲོས་འགོ། 
    ནོར་སྲིད་ཐད། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ཀྱི་ནུས་པ་དང་ཕན་འབྲས་ཐོན་ཐབས་བྱས་ནས། ཆད་གྲངས་མཚལ་ཡིག་3%དུ་བཀོད་སྒྲིག་བྱ་རྩིས་ཡོད། 
   ཁྲལ་གྲོན་གཟིགས་སྐྱོང་ཐད། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲལ་འཕྲི་དངུལ་གཅོག་དང་ཁྲལ་སློག་དཔྱ་ཁྲལ་ཕྱིར་འགྱངས་སོགས་ཀྱི་བྱེད་ཐབས་རྒྱུན་མཐུད་བྱེད་དགོས་རིགས་རྒྱུན་མཐུད་དང་། ལེགས་སྒྱུར་དགོས་རིགས་ལེགས་སྒྱུར་བྱེད་དགོས། 
   ལས་ཞུགས་ཐད། གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་ཀར་སྐུལ་འདེད་གཏོང་རྒྱུ་འདི་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། 
    རིམས་ནད་སྔོན་འགོག་ཚོད་འཛིན་ཐད། རིམས་འགོག་སྨན་ཁབ་རིམ་སྤོར་དང་སྨན་གསར་ཞིབ་བཟོ་བྱ་རྒྱུར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་སྨན་བསྟེན་དགོས་མཁོ་འགན་ལེན་ཏན་ཏིག་བྱེད་དགོས།
   འཛད་སྤྱོད་ཐད། འཛད་སྤྱོད་ཆེ་རིགས་བརྟན་པོ་ཡོང་བར་བྱས་ནས། འཚོ་བའི་ཞབས་ཞུའི་འཛད་སྤྱོད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས།
   སྲིད་གཞུང་གི་མ་དངུལ་འཇོག་པའི་ཐད། ད་ལོ་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.8བཀོད་སྒྲིག་བྱ་རྒྱུ། 
    བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྦྲེལ་གཙོ་བོའི་ཐད། ཐོན་ཁུངས་སྤུས་ལེགས་གཅིག་སྡུད་ཐོག་ལག་རྩལ་འགག་སྒྲོལ་ལྟེ་བར་མཉམ་སྤྱོད་བྱེད་དགོས། 
   གྲངས་འཛིན་དཔལ་འབྱོར་ཐད། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཚད་ཆེ་རུ་བཏང་ནས། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས།
   དམངས་གཉེར་དཔལ་འབྱོར་ཐད། དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་དང་། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། 
   ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་ཐད། ཕྱི་རྒྱལ་གྱི་མ་དངུལ་མཚོན་རྟགས་ལྡན་པའི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། 
   དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་ཚབས་ཆེན་འགོག་ཟོན་དང་སེལ་ཐབས་ཐད། སྤུས་ལེགས་མགོ་འདྲེན་ཁེ་ལས་ཉམས་ཉེན་ལ་འགོག་ཟོན་ཕན་ནུས་ལྡན་པ་དང་སེལ་ཐབས་བྱས་ཏེ་རྒྱུ་ནོར་བུན་ཟུག་གི་གནས་ཚུལ་ལེགས་བཅོས་བྱ་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ་དང་། བུ་ལོན་གྱི་དུས་བཀག་རིམ་པའི་གྲུབ་ཚུལ་ལེགས་སུ་གཏོང་དགོས། 
   གྲོང་གསེབ་དར་རྒྱས་ཐད། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་དགོས། 
   སྔོ་ལྗང་དུ་བསྒྱུར་རྒྱུའི་ཐད། གཙོ་གནད་ཁྱབ་ཁོངས་སུ་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་དུ་གཏོང་བར་སྐུལ་འདེད་བཏང་ནས། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་བསྟུད་མར་སྲུང་སྐྱོང་གི་འབད་འཐབ་ཡག་པོར་བྱེད་དགོས། 
   སྡོད་ཁང་ཐད། སྡོད་ཁང་གི་དགོས་མཁོར་འགྱུར་མེད་དང་ལེགས་བཅོས་ལ་རྒྱབ་སྐྱོར་བྱས་ནས། གྲོང་མི་གསར་པ་དང་གཞོན་ནུ་སོགས་ཀྱི་སྡོད་ཁང་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་དགོས། 
   སློབ་གསོའི་ཐད། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་དགོས། 
   སྨན་བཅོས་ཐད། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་ཆེར་གཏོང་བ་དང་། ས་ཁོངས་བཀོད་སྒྲིག་དོ་མཉམ་བྱེད་དགོས། 
   སྤྱི་ཚོགས་འགན་སྲུང་ཐད། རྒན་གསོའི་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་དང་། བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། 
   ཤང་ཀང་དང་ཨའོ་མོན་གྱི་འཕེལ་རྒྱས་ཐད། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། 
   ཐའེ་ཝན་གྱི་གནད་དོན་ཐད། “རང་བཙན་”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བར་བྱེད་རིམ་ལ་སྐུལ་འདེད་གཏོང་དགོས།