འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་བརྗོད་དོན། མཐའ་མཚམས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་03ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་བཀྲ་ཤིས་རྒྱལ་མཚན(གཡས)གྱིས་ལྷུན་རྩེ་རྫོང་གི་བཞོན་མ་གསོ་ཚགས་རྟེན་གཞིར་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་གནས་ཚུལ་ལ་བརྟག་ཞིབ་བྱེད་བཞིན་པ།
འདི་ནི་བཀྲ་ཤིས་རྒྱལ་མཚན(གཡས)གྱིས་ལྷུན་རྩེ་རྫོང་གི་བཞོན་མ་གསོ་ཚགས་རྟེན་གཞིར་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་གནས་ཚུལ་ལ་བརྟག་ཞིབ་བྱེད་བཞིན་པ།
     “ད་ཆ་འཚོ་བར་ད་དུང་དཀའ་ངལ་ག་རེ་འདུག་གམ” “ལྷོ་པ་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་ཐད་གྲོས་འགོ་གང་ཡོད་དམ”…… བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་མདོ་ཡུལ་གྲོང་ཚོའི་ཏང་ཡོན་རྒན་གྲས་ཞའོ་ཅཱ་ཡོ་དང་གླེང་མོལ་བྱེད་སྐབས། བཀྲ་ཤིས་རྒྱལ་མཚན་གྱིས་སྐད་ཆ་འདྲི་ཞོར་དུ་ཟིན་བྲིས་བརྒྱབ་ནས་འདི་ལོའི་འགན་སྒྲུབ་ལས་དོན་ལ་རྨང་གཞིའི་བརྟག་ཞིབ་ཡག་པོ་བྱེད་བཞིན་ཡོད།
     བཀྲ་ཤིས་རྒྱལ་མཚན་ནི་ལྷོ་པ་རིགས་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་སྐབས་བཅུ་བཞི་པའི་འཐུས་མིར་བསྟུད་མར་བདམས་ཡོད། ཁོང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་གཞི་རིམ་ལས་བྱེད་པ་ཞིག་རེད་ལ་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཐུས་མི་ཞིག་ཀྱང་རེད། བཀྲ་ཤིས་རྒྱལ་མཚན་གྱིས་མཐའ་དར་དམངས་ཕྱུག་འདུ་འགོད་ལག་བསྟར་དང་ལྷོ་པ་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
     བཀྲ་ཤིས་རྒྱལ་མཚན་གྱིས“རང་འགན་གཙང་སྒྲུབ་དེ་བས་ཡག་པ་ཡོང་ཆེད། ངས་སྲིད་ཇུས་ལ་བརྩོན་ཞིབ་ཧུར་ཐག་བྱས་ནས་གཞི་རིམ་དུ་བརྟག་ཞིབ་ལ་བསྐྱོད་པ་དང་མང་ཚོགས་ཀྱི་བསམ་ཚུལ་དངོས་ཤེས་རྟོགས་བྱས་པ་མ་ཟད། མི་སེར་གྱི་བསམ་འདུན་ཡང་པེ་ཅིང་དུ་ཞུ་ཡི་ཡོད”ཅེས་དང་། ལོ་5ཡི་རིང་ངས་བསམ་འཆར་དང་གྲོས་འགོ་10ལྷག་ཙམ་བཏོན་པ་དང་བསམ་འཆར་དང་གྲོས་འགོ་དེ་དག་མང་ཆེ་བ་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་དང་དང་ལེན་བྱས་པ་མཐོང་བས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཕེལ་རྒྱས་དང་འཛུགས་སྐྲུན་བྱ་གཞག་ལ་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང་ཞེས་གསུངས།
     ལྷོ་པ་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཤིག་ཡིན་ཞིང་། འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དམིགས་བསལ་གྱི་རྒྱན་གོས་དང་སྐད་ཆ་སོགས་རིག་གནས་ཀྱི་གཞི་རྟེན་ཞིག་ཆགས་ཡོད།
     བརྟག་ཞིབ་ཐེངས་མང་བྱས་པའི་རྨང་གཞིའི་ཐོག་བཀྲ་ཤིས་རྒྱལ་མཚན་གྱིས་ལྷོ་པ་རིགས་ཀྱི་རིག་གནས་སྲུང་སྐྱོང་གི་ད་ལྟའི་གནས་ཚུལ་དང་འཕྲད་པའི་དཀའ་ངལ་ཧ་ལམ་མཐིལ་རྟོགས་གཏིང་ཟབ་བྱུང་ཡོད། 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། བཀྲ་ཤིས་རྒྱལ་མཚན་གྱིས“རྒྱལ་ཁབ་ནས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་མངོན་མིན་རིག་གནས་སྲུང་སྐྱོང་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་དང་། དེང་རབས་ཚན་རྩལ་བྱེད་ཐབས་སྤྱད་དེ་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་རིག་གནས་ཐོན་ཁུངས་གྲངས་གཞི་ཅན་དུ་བསྒྱུར་ནས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད”ཅེས་གྲོས་འགོ་བཏོན་གནང་བ་རེད།
     2020ལོར་ལྷོ་པ་རིགས་ཀྱི་མུ་འབྲེལ་ལྷ་སྒྲུང《ཨ་པ་སྟག་ཉི》“ཀྲུང་གོའི་ལོ་རྒྱུས་སྙན་ངག་བརྒྱའི་འདུ་འགོད”ཀྱི་ཡན་ལག་ཞིབ་འཇུག་བྱ་གཞིར་བརྩིས་ནས་རྣམ་གྲངས་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་འབྲེལ་ལག་ལེན་ཡང་བསྟར་བ་དང་། ལྷོ་པའི་རྒྱན་གོས་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་ལྷོ་པ་རིགས་ཀྱི་འདུས་སྡོད་ཁུལ་དུ་ལྷོ་པའི་མི་རིགས་ཀྱི་རིག་གནས་འགྲེམས་ཁང་བསྐྲུན་པ་སོགས་རེད། བཀྲ་ཤིས་རྒྱལ་མཚན་གྱིས“མིག་སྔར། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་དང་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། ལྷོ་པ་རིགས་ཀྱི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད”ཅེས་གསུངས།
     ཉེ་བའི་ལོ་གཉིས་རིང་། བཀྲ་ཤིས་རྒྱལ་མཚན་ལས་བྲེལ་དེ་བས་ཆེ་རུ་སོང་ཡོད།
     ཁོང་གིས་རྒྱུན་ཆད་མེད་པར་འདྲི་རྟོག་དང་བརྟག་ཞིབ་བྱེད་པ་ཕུད། ད་དུང་ཤང་དེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་སྨན་བཅོས་དང་། སློབ་གསོ། སྤྱི་པའི་ཞབས་ཞུ་སོགས་ཀྱི་གནད་དོན་བསལ་ཏེ་ཞིང་འབྲོག་མང་ཚོགས་དེ་བས་མང་བ་འཚོ་བ་དེ་བས་ཡག་པ་སྐྱེལ་རྒྱུར་སྐུལ་ཁྲིད་གནང་གི་ཡོད།
     “ད་ཆ་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད་པས་ཚང་མས་བདེ་ཐང་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད”བཀྲ་ཤིས་རྒྱལ་མཚན་གྱིས་2020ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། “བོད་ཀྱི་གྲོང་ཁྱེར་དང་རྫོང་མི་དམངས་སྨན་ཁང་གི་ཤེས་ལྡན་མི་སྣ་འཛུགས་སྐྱོང་དང་། རིག་ཚན་འཛུགས་སྐྱོང་། སྨན་བཅོས་སྒྲིག་ཆས་གསར་བརྗེས་བཅས་ཤུགས་ཆེར་གཏོང་དགོས”ཞེས་པའི་གྲོས་འགོ་བཏོན་པ་རེད། གྲོས་འགོ་དེ་མགྱོགས་མྱུར་དོན་འཁྱོལ་བྱུང་ནས་རྒྱལ་ཁབ་ཀྱིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་ལས་དོན་སྤེལ་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཞིང་འབྲོག་ཁུལ་གྱི་མང་ཚོགས་དེ་བས་མང་བར་སྒོ་འགྲམ་ནས་ནད་གཞི་ལྟ་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་གནང་།
     2021ལོར་བཀྲ་ཤིས་རྒྱལ་མཚན་གྱིས་མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་གི་འགན་ཁུར་བ་ནས་བཟུང་། ཤང་གི་ས་ཆ་གང་སར་ཁོང་གི་རྐང་རྗེས་བཞག་པ་དང་། མང་ཚོགས་མང་ཆེ་བར་འདྲི་རྟོག་གནང་ནས་མཐའ་མཚམས་འཛུགས་སྐྲུན་དང་། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ། མཐའ་བརྟན་མཐའ་སྲུང་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་གཏིང་ཟབ་གནང་བ་རེད།
     མིག་སྔར། མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་སྲིད་འཛིན་གྲོང་ཚོ་3ཕྱོགས་ཡོངས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་བསྐྲུན་ཟིན་ཏེ་གློག་ཤར་གཏོང་ཐུབ་པ་དང་། རང་འབབ་ཆུ་ཀ་ལ་འཁྲིད་པ། གཞི་རྩའི་ཆ་ནས་ཨར་འདམ་ལམ་བཏིང་བ། མང་ཚོགས་ཀྱི་ཟས་གོས་འགྲོ་འདུག་ལེགས་སུ་ཤུགས་ཆེན་ཕྱིན་པས་2022ལོར་ཤང་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ལས་བརྒལ་ཡོད། “ངས་ཕ་ཡུལ་གྱི་དགའ་འོས་པའི་འགྱུར་ལྡོག་དང་། ང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་ཚུལ། གཞི་རིམ་མང་ཚོགས་ཀྱི་བསམ་འདུན་དངོས་དང་དགོས་མཁོ་བཅས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཚོགས་རར་ཞུ་འདོད་ཡོད”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་པ་རེད།