འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་འདི་འདྲ་བྱེད་དོན་ཅི་ཡིན་ནམ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་03ཉིན། 08:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

 
       ཚོགས་འདུ་གཉིས་སྐོར་གྱི་ཤེས་བྱ། ལོ་གཅིག་གི་འཆར་གཞི་དཔྱིད་ནས་འགོ་འཛུགས་པ་དང་། ལོ་གཅིག་གི་འགོ་ནི་ཚོགས་འདུ་གཉིས་ལ་བལྟ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་འདི་འདྲ་བྱེད་དོན་ཅི་ཡིན་ནམ།
    ལོ་རེའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག  སྲིད་གཞུང་གིས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་མིག་གནང་ནས། ལོ་རྗེས་མའི་གཙོ་གནད་ལས་དོན་སྙན་སྒྲོན་ཞུ་དགོས། ཚོགས་འདུའི་རིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་། འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་ལ་གྲོས་ཞིབ་དང་ཞིབ་བཤེར་གནང་དགོས། སྲིད་གྲོས་ཨུ་ཡོན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་། གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ། སྙན་ཞུ་གཞན་དག་བཅས་གསན་འཇོག་དང་གྲོས་ཞིབ་བྱེད་དགོས།
    རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ད་དུང་གཞི་རྩའི་བཅའ་ཁྲིམས་ཁ་ཤས་གཏན་འབེབས་དང་བཟོ་བཅོས་བྱེད་དགོས། ལོ་ལྔ་རེའི་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་རེ་རེའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ད་དུང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ཁོངས་མི་འདེམས་བསྐོ་དང་བསྐོ་གཞག་གཏན་འཁེལ་བྱེད་ཀྱི་ཡོད།
འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཀྱང་མི་དམངས་རྣམ་པ་ཚོས་སེམས་ཁུར་ཆེ་ཤོས་དང་་གླེང་མང་ཤོས་ཀྱི་གནད་དོན་སྐོར་ལ་གྲོས་འགོའམ་གྲོས་གཞི་འདོན་པ་དང་། དེ་དག་ནི་མི་དམངས་ཀྱི་བསམ་འདུན། མི་དམངས་ཀྱི་རེ་འདུན་མཚོན། དཔེར་ན། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ་ལ་སོགས་པའི་ཐད་ང་ཚོ་མི་རེ་ངོ་རེའི་ལས་ཀ་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།
   འོ་ན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཁྱེད་རང་གིས་གནད་དོན་གང་དག་ལ་དོ་སྣང་བྱེད་བཞིན་ཡོད།