འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་ཚོགས་འདུ་གང་གཉིས་ཀ་ཡིན་ནམ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་02ཉིན། 19:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

 
                  ཁྱེད་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་གང་གཉིས་ཀ་ཡིན་པ་ཤེས་སམ།
     ང་ཚོས་རྒྱུན་དུ་བཤད་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཟེར་བ་ནི། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས”དང་“ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས”ལ་ཟེར། ཚོགས་འདུ་གཉིས་ཀྱི་ཚོགས་ཡུན་ཕལ་ཆེར་གཅིག་མཚུངས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་འཁོར་སྐྱོད་ལ་གལ་འགངས་ཤིན་ཏུ་ཆེ་བས་ཚོགས་འདུ་གཉིས་ཞེས་བརྗོད་ཀྱི་ཡོད། 
     རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རྒྱུ་ནི་རང་རེའི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་གལ་ཆེན་ཞིག་ཡིན་ཞིང་། ཚོགས་འདུའི་གྲོས་རིམ་དང་བརྗོད་གཞི་ཚང་མས་དེང་སྐབས་དང་ཐ་ན། འབྱུང་འགྱུར་གྱི་ལས་དོན་དང་འཚོ་བར་གལ་འགངས་ཆེ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་སྲིད། 
     ད་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་སྐབས་གསར་པའི་གྲོས་ཚོགས་ཐེངས་དང་པོ་ཡིན་ཞིང་། ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུ་དང་། ཟླ་3ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུ་ཡིན་ཞིང་། སྐབས་གསར་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་པེ་ཅིང་དུ་འཛོམས་ནས་མཉམ་དུ་རྒྱལ་དོན་ལ་གྲོས་བསྡུར་བྱ་རྒྱུ་རེད། 
     རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ང་ཚོས་མཉམ་དུ་དོ་ཁུར་བྱེད།