འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁོང་གིས་རང་རྒྱལ་གྱི་ངར་ལྕགས་ཞིབ་འཇུག་གསར་སྤེལ་ཐད་ནུས་པ་གལ་ཆེན་འདོན་གྱིན་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་02ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཁོང་གིས་རང་རྒྱལ་གྱི་ངར་ལྕགས་ཞིབ་འཇུག་གསར་སྤེལ་ཐད་ནུས་པ་གལ་ཆེན་འདོན་གྱིན་ཡོད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧུའུ་ཧྲུའུ་ཨེ་ནི་ཧྲན་ཀང་ཚོགས་པའི་རི་ཀྲའོ་ཀུང་སིའི་ངར་ལྕགས་ཞིབ་འཇུག་ཁང་གི་ལག་རྩལ་ཆེད་མཁས་ཅན་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན། རྒྱལ་ཡོངས་ཀྱི་ལྔ་གཅིག་བུད་མེད་དཔེ་དམག རྒྱལ་ཡོངས་ཀྱི་ངར་ལྕགས་བཟོ་ལས་ཀྱི་ངལ་རྩོལ་དཔེ་བཟང་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད།
     ཧུའུ་ཧྲུའུ་ཨེ་དང་ལས་རོགས་ཚོས་ངར་ལྕགས་ཐོན་རྫས་གསར་པ་མུ་འབྲེལ་ཅན་གསར་སྤེལ་དང་། མ་གནས་དམའ་རུ་འགྲོ་བ། སྣ་རིགས་ཀྱི་སྤུས་ཚད་མཐོར་རུ་གཏོང་བ། སྤྱོད་མཁན་གྱི་ལག་རྩལ་ཞབས་ཞུ་སོགས་ཀྱི་ལས་དོན་ལ་ཡུན་རིང་གཞོལ་ནས། རྒྱལ་ནང་གི་རྩེར་སོན་བཟོ་སྐྲུན་ལས་རིགས་ལ་མཁོ་བའི་རྒྱུ་ཆ་ཐག་གཅོད་དང་། སྒྲིག་ཆས་གལ་ཆེན་ལ་ངར་ལྕགས་བཀོལ་བར་རང་རྒྱལ་གྱིས་བཟོས་པའི་དངོས་པས་ཚབ་བྱེད་པར་སྐུལ་འདེད་གཏོང་བ། ལས་གྲྭའི་འཕྲུལ་ཆས་བཟོ་རྒྱུའི་ནང་ཞུགས་པ། རླངས་འཁོར་ལས་རིགས་ཀྱི་ཡང་ཞིང་ཚད་ཅན་གྱི་ཇུས་འགོད་རྒྱུ་ཆ་བཟོ་བ། ལས་རིགས་རིམ་བརྗེ་སྒྱུར་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
     ཧུའུ་ཧྲུའུ་ཨེ་ཡིས་འགན་འཁུར་བའི་འཕྱོ་གཡེང་རྣམ་པའི་མཚོ་ཐོག་རླུང་གློག་སྒྲིག་ཆས་ཀྱིས་མཚོ་ཆུའི་རུལ་བསླད་ཐེག་ཐུབ་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ཐོན་ལས་ཅན་གྱི་རྣམ་གྲངས་ལ་བརྟེན་ནས་རྒྱལ་ནང་གི་མཚོ་ཆུའི་རུལ་བསླད་ཐེག་ཐུབ་པའི་ངར་ལྕགས་ལས་རིགས་ཀྱི་སྟོང་ཆ་གསབ་ཡོད་པ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་ཡིན་པའི་ཧུའུ་ཧྲུའུ་ཨེ་ཡིས། ཁོང་གིས་རང་འགན་གཙང་སྒྲུབ་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ནས། ལས་ཀའི་ནང་རང་ཉིད་ལས་རྒྱུན་ཆད་མེད་པར་སྒྲོལ་ཏེ་ལས་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རྩེར་སོན་ཐོན་རྫས་དེ་བས་མང་བ་ཞིབ་འཇུག་གསར་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་ཚན་རྩལ་རང་ཚུགས་རང་འཕེལ་ཡོང་ཆེད“ཧྲན་ཀང་གི་རྒྱུགས་ལེན”འབྲི་དགོས་ཞེས་བཤད་པ་རེད།
【1】  【2】
༄༅།།ཁོང་གིས་རང་རྒྱལ་གྱི་ངར་ལྕགས་ཞིབ་འཇུག་གསར་སྤེལ་ཐད་ནུས་པ་གལ་ཆེན་འདོན་གྱིན་ཡོད།