གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་02ཉིན། 10:34】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཧྲེང་ཧུང་ཐུག་དུས། ཁོང་གིས་གྲོང་མིའི་སྡོད་ཁུལ་གྱི་འཐུས་མི་དང་གླེང་མོལ་བྱེད་བཞིན་འདུག “སྒོ་ཁའི་”ཞབས་ཞུ་ཡག་པོ་ཡོད་མེད་དང་། སྤྱི་པའི་བར་མཐོངས་ལ་ཇི་ལྟར་བྱས་ནས་ནུས་པ་ཕུན་སུམ་ཚོགས་སུ་གཏོང་དགོས་མིན་ཐད་གྲོས་བསྡུར་བྱེད་བཞིན་འདུག
གྲོས་བསྡུར་གྱི་སྐད་ཆ་ཚང་མ་ཧྲེང་ཧུང་གིས་ཟིན་བྲིས་དེབ་ཐོག་འབྲི་བཞིན་འདུག གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས། ཁོང་གི་དོ་ཁུར་བྱ་ཡུལ་སྔར་བཞིན་སྡེ་ཁུལ་དུ་ཡོད་པས། རང་ཉིད་ཀྱིས་བརྟག་ཞིབ་འཚོལ་བསྡུ་བྱས་པའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་། དམངས་ཀྱི་བསམ་འདུན་གོང་ལ་ཞུས་ནས་དམངས་འཚོའི་ཞབས་ཞུ་དེ་བས་ཡག་པོ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
“ལོ་རབས་80པའི་ནང་སྐྱེས་པའི”ཧྲེང་ཧུང་ནི་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང་རུང་ཧྭ་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དང་པོ་དང་ཀུའུ་པེ་གྲོང་མིའི་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ཡིན་པ་དང་། སྡེ་ཁུལ་དུ་ལོ་10ལྷག་ཙམ་གཞི་ཚུགས་ཡོད། ཧྲེང་ཧུང་གིས་བྱ་བ་ཙག་ཙིག་ཁྲོད་གྲོང་མིར་ཞབས་འདེགས་ཞུས་ནས། སྡེ་ཁུལ་གྱི་སྤྱི་པའི་གྲོས་འགོའི་ནང་“མི་མང་གི་དོན་དག་མི་མང་གིས་གྲོས་བསྡུར་བྱེད་དགོས”ཞེས་པའི་ཁྲིད་སྟོན་བྱེད་བཞིན་ཡོད།
ཧུང་ཆའོ་ཁྲོམ་གཞུང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་2015ལོར་རྒྱལ་ཡོངས་སུ་བཙུགས་པའི་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཁག་དང་པོའི་གྲས་ཤིག་རེད། “ཁྲིམས་འཛུགས་ཐད་སྐྱོད་མེ་འཁོར་”འདི་ཡོད་དང་། གྲོང་མི་རྣམས་ཀྱིས་“སྒོ་ཁ་”ཁྲིམས་འཛུགས་ལས་དོན་ལ་བསམ་འཆར་དང་གྲོས་འགོ་བཏོན་ཆོག
རུང་ཧྭ་གྲོང་མིའི་སྡོད་ཁུལ་དུ་རྒྱལ་ཁབ་དང་ས་ཁུལ་50ལྷག་གི་གྲོང་མི་སྡོད་ཡོད། “ཚོགས་སྤྱི་མི་འདྲ་བར་དགོས་མཁོ་མི་འདྲ་བ་ཡོད་ཚེ་ཚང་མས་གླེང་ནས་མཉམ་དུ་སྡེ་ཁུལ་གྱི‘སྤྱིའི་བགོ་གྲངས’འཚོལ་གྱི་ཡོད”ཅེས་བཤད་པ་རེད། ཧྲེན་ཧུང་གིས་སྡེ་ཁུལ་ནང་གི་གསེར་གྲོང་ལམ་ཐོག་བཙུགས་པའི“རུང་ཀུའུ་པེ་ས་ཚིགས”ནི་གྲོང་མི་ཚོས་གྲོས་འགོ་བཏོན་པ་ཞིག་རེད། སྤྱི་པའི་བར་མཐོངས་མཉམ་སྤྱོད་བྱེད་པ་དང་། ཁྲོམ་གཞུང་གི་བརྗོད་བྱ་གཙོ་བོའི་བྱེད་སྒོ་རྟག་ཏུ་སྤེལ་བ། སྡེ་ཁུལ་གྱི་གྲོང་མིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁྱིམ་མཚེས་བར་སྤེལ་རེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།
བརྟག་ཞིབ་བྱེད་རིང་། ཧྲེང་ཧུང་གིས་གྲོང་མིའི“སྒོ་ཁར”གྱི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བའི་བར་མཐོངས་ཡོད་པ་དང་། སྡེ་ཁུལ་ཁ་ཤས་ཀྱི་དམངས་ཕན་བྱ་ཡུལ་ཁ་ཐོར་ཡིན་པས། གྲོང་མིར་སྟབས་བདེ་དེ་ཙམ་མེད་པ་ཤེས་རྟོགས་བྱུང་ཡོད། “འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ངས་ཕྱོགས་དེ་དག་ལ་གཙོ་གནད་ཐོག་དོ་ཁུར་བྱེད་ཀྱིན་ཡོད། སྣ་མང་ཅན་གྱི་གཉེར་སྐྱོང་རྣམ་པ་འཚོལ་ཞིབ་བྱས་ནས་ཤེས་ལྡན་པ་དེ་བས་མང་བ་སྡེ་ཁུལ་གྱི་ལས་ཀའི་དཔུང་ཁག་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་སྒོ་འགྲམ་གྱི་གཅིག་འཐུས་རྣམ་པའི་སྤྱི་ཡོངས་ཞབས་ཞུར་སྐུལ་འདེད་བཏང་ནས་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད། ཞེས་ཧྲེང་ཧུང་གིས་བཤད།
【1】
【2】
【3】