འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཐུས་མིས་འགན་འཁྲི་བསྒྲུབས་པའི་གཏམ་རྒྱུད། ཡོན་ཧའེ་པོ། ཞིང་པ་ལས་མི། ཞིང་པ་ལས་མིའི་ཆེད་དུ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་02ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཐུས་མིས་འགན་འཁྲི་བསྒྲུབས་པའི་གཏམ་རྒྱུད། ཡོན་ཧའེ་པོ། ཞིང་པ་ལས་མི། ཞིང་པ་ལས་མིའི་ཆེད་དུ།
   མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོན་ཧའེ་པོ་ནི་དེ་སྔ་ཞིང་པ་ལས་མི་ཞིག་ཡིན། 2010ལོར། ལོ་19ཡིན་པའི་ཁོང་གི་ཁྱིམ་ཚང་དབུལ་པོའི་རྐྱེན་གྱིས་ཕྱིར་གླ་པར་བསྐྱོད་ཡོད། ལས་ཀ་ལས་པའི་སྐབས་སུ། ལས་ཀར་འབད་བརྩོན་ཆེ་ཞིང་། གཞན་ལ་བརྩེ་སེམས་ཀྱིས་ཁེངས་ཡོད། གང་ལགས་ཤེ་ན། རྒྱུན་དུ་ཞིང་པ་ལས་མིར་ལས་ཀ་འཚོལ་བ་དང་ངལ་ལས་ཀྱི་རྩོད་གཞི་ཐག་གཅོད་བྱེད་རོགས་བྱས་པས། ལས་རོགས་ཚོའི་ཡིད་ཆེས་ཐོབ།  2018ལོར“ལོ་རབས་90རྗེས་སྐྱེས་པའི”ཡོན་ཧའེ་པོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་པ་རེད།
   ཞིང་པ་ལས་མི་ཞིག་གི་ངོས་ནས་བརྗོད་ན་ཡོན་ཧའེ་པོ་ཡིས་ཞིང་པ་ལས་མི་ཚོ་ཕ་ཡུལ་དང་བྲལ་ནས་ཕྱིར་གླ་པར་སྐྱོད་མཁན་ལས་སླ་པོར་ཡོང་གི་མེད་པ་ཤེས་ཀྱིན་ཡོད། ཞིང་པ་ལས་མི་དེ་བས་མང་བ་བདེ་བླག་ངང་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་ཆེད། ཁྲོམ་རར་བརྟག་ཞིབ་བྱས་པ་བརྒྱུད། 2020ལོའི་ཟླ་3པར། ཡོན་ཧའེ་པོ་ཕ་ཡུལ་དུ་ལོག་ནས། ཡུན་ནན་ཡོན་ཐུའོ་ཁེ་ལས་དོ་དམ་ཚད་ཡོད་ཀུང་སི་བཙུགས་ཏེ་ཆེད་མངགས་ཞིང་པ་ལས་མི་དང་ལས་མི་བཀོལ་སྤྱོད་བྱེད་མཁན་ཁེ་ལས་ལ་ཕྱོགས་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་ཡག་པོ་སྒྲུབ་ཀྱིན་ཡོད་པ་རེད། ཀུང་སི་བཙུགས་པ་ནས་བཟུང་། ཡོན་ཧའེ་པོ་གང་སར་བསྐྱོད་དེ་ཞིང་ཆེན་ཕྱིའི་ཞིང་པ་ལས་མི་མི་ཐེངས་ཁྲི་1ལྷག་ཙམ་ལ་སྐྱེལ་འདྲེན་བྱས་པ་རེད།
   ད་ཆའི་ཡོན་ཧའེ་པོ་ནི“གླ་པ་”ནས་གྲུབ་འབྲས་ཐོབ་པའི་ཁེ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་དང་། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་། ཁོང་གིས་རང་ཉིད་ཀྱི་“ཞིང་པ་ལས་མི་ནས་ཡོང་བ་དང་། ཞིང་པ་ལས་མིའི་ཆེད་དུ་ཡིན་པའི”ཐོག་མའི་བསམ་འདུན་དེ་ནམ་ཡང་བརྗེད་མེད།
【1】  【2】  【3】
༄༅།།འཐུས་མིས་འགན་འཁྲི་བསྒྲུབས་པའི་གཏམ་རྒྱུད། ཡོན་ཧའེ་པོ། ཞིང་པ་ལས་མི། ཞིང་པ་ལས་མིའི་ཆེད་དུ།