འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐེར་འདོན་བྱས་ན་བྱ་དགའ་མཐོ་ཤོས་སྒོར་ཁྲི་5སྟེར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་28ཉིན། 17:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བསམ་ཆུ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་“རྫུན་མར་རྡུང་རྡེག་དང་སྤུས་ཞན་བཅོས་སྐྱོང་བྱེད་པའི་”བརྡ་ཁྱབ། 
     རྫོང་ཡོངས་ཀྱི་རྒྱ་ཆེའི་འཛད་སྤྱོད་པར་ཞུ་རྒྱུར། 
     རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས། བདེ་འཇགས་དང་བློས་འཁེལ་གྱི་འཛད་སྤྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་ཆེད། ཀན་ལྷོ་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་“རྫུན་མར་རྡུང་རྡེག་དང་སྤུས་ཞན་བཅོས་སྐྱོང་བྱེད་པའི་”ཆེད་དམིགས་བཀོད་སྒྲིག་ལ་གཞིགས། བསང་ཆུ་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་“རྫུན་མར་རྡུང་རྡེག་དང་སྤུས་ཞན་བཅོས་སྐྱོང་བྱེད་པའི་”ཆེད་དོན་བཅོས་སྒྲིག་བྱས་ནས། ཐ་མག་རྫུན་མ་དང་། ཨ་རག་རྫུན་མ །སྨན་རྫུན་མ། མཛེས་བཟོའི་བྱུག་རྫས་རྫུན་མ། ཁྲུས་རྫས་རྫུན་མ། ཞིང་སྤྱོད་དངོས་རྫས་རྫུན་མ་སོགས་རྫུན་བཟོ་ལྷད་ཞན་གྱི་ཚོང་ཟོག་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཐེར་འདོན་ཧུར་ཐག་བྱེད་རེ་འདོན་རྒྱུ་དང་། བྱ་དགའ་མཐོ་ཤོས་མི་དམངས་ཤོག་སྒོར་ཁྲི་5སྤྲོད་རྒྱུ་རེད། 
     ཐེར་འདོན་ཁ་པར་ཨང་གྲངས། 0941—7112315
     བསང་ཆུ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས། 
     2023ལོའི་ཟླ་2ཚེས་27ཉིན་ཕབ།