འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་ཀྱི་ཕིང་ཕང་སྤོ་ལོའི“ལས་ཞོར་སྤོ་ལོ་མཁས་པའི”མཐའ་བསྡུར་ཁྲེང་ཏུའུ་རུ་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་28ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། 2022ལོའི“ལི་ཉིང·ཧུང་ཧྲོང་ཞིའི་བུམ་པའི”རྒྱལ་ཡོངས་ཀྱི་ཕིང་ཕང་སྤོ་ལོའི“ལས་ཞོར་སྤོ་ལོ་མཁས་པའི”མཐའ་བསྡུར་དང“བོད་ལྗོངས་སྨན་རྫས”ཀྱི་རྒྱལ་ཡོངས་ཀྱི་ལས་ཞོར་ཕིང་ཕང་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཁྲེང་ཏུའུ་རུ་མཇུག་འགྲིལ་བ་རེད།
    ད་ཐེངས་ཀྱི་འགྲན་བསྡུར་ནང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་28ཀྱི་ལུས་རྩལ་པ་ཁྱོན་600ཙམ་ཞུགས་ཡོད་པ་རེད། དུས་ཡུན་ཉིན་4ཡི་འགྲན་བསྡུར་ནང་སྐྱེས་པ་དང་བུད་མེད་ཀྱི་རྐྱང་རྒྱག་དང་། སྐྱེས་པ་དང་བུད་མེད་ཚོགས་པའི་ཚོགས་ཆུང་ཁག་དང་དེ་བཞིན་དམིགས་བསལ་གདན་ཞུས་སྐུ་མགྲོན་ཚོགས་ཆུང་བཅས་འགྲན་བསྡུར་ལ་ཞུགས་པ་རེད།