འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནམ་གྲུ་བཞི་པ་འཕུར་གཏོང་ལེགས་འགྲུབ་བྱུང་བ།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་27ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གནམ་གྲུ་བཞི་པ་འཕུར་གཏོང་ལེགས་འགྲུབ་བྱུང་བ།
   མི་དམངས་དྲ་བའི་འཕྲིན། ཚེས་25ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་མེ་གསོད་ཆུ་སྐམ་གཉིས་ཀར་གཏོང་ཐུབ་པའི་གནམ་གྲུ་ཆེ་གྲས་བཞི་པ་དེ་ཀོང་ཏུང་ཀྲུའུ་ཧའེ་རུ་ཐོག་མར་འཕུར་སྐྱོད་བྱས་པ་དེའི་ཐོག་ནས་AG600Mརྟགས་ཅན་གྱི་གནམ་གྲུ་ཁྱོན་ཡོངས་ནས་འཕུར་སྐྱོད་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན།
   ཚེས་25ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་9ཐོག AG600Mརྟགས་ཅན་གྱི་གནམ་གྲུ་ཀྲུའུ་ཧའེ་ཅིན་ཝན་གནམ་ཐང་ནས་འཕུར་ཏེ་མཁའ་དབྱིངས་སུ་སྐར་མ་17རིང་འཕུར་སྐྱོད་བརྟན་པོར་བྱས་པ་དང་། ཚོད་འཕུར་བྱེད་རིམ་ཁག་ལེགས་སྒྲུབ་བྱས་རྗེས། ཆུ་ཚོད་8དང་སྐར་མ་26ཐོག་བརྟན་པོར་བབས་ནས། གནས་ཚུལ་བཟང་བ་དང་། ཁ་སྒྱུར་མ་ལག་སྐྱོན་མེད་དང་མ་ལག་ཞན་པ་ཁག་བརྟན་པོ་ཡོད་པ་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། AG600རྟགས་ཅན་གྱི་གནམ་གྲུ་ནི་དབྱིབས་གསར་ལས་གྲུབ་ཅིང་ཁག་བཞི་ཐོན་སྐྱེད་བྱས་པ་དང་། ད་ཐེངས་ཀྱི་འཕུར་སྐྱོད་ཚོད་ལྟ་བྱས་པའི་AG60Mརྟགས་ཅན་གྱི་གནམ་གྲུ་དེ་གནམ་གྲུ་བཞི་པ་ཡིན་པ་རེད། ད་ལྟའི་བར་དུ་AG60Mརྟགས་ཅན་གྱི་གནམ་གྲུ་བཞི་པོས་དུས་གཅིག་ལ་ས་ཆ་མང་པོར་འཕུར་སྐྱོད་ཚོད་ལྟའི་ལས་འགན་སྒྲུབ་བཞིན་ཡོད་པ་རེད།
   “ཁུན་ལུང་”AG600རྟགས་ཅན་ནི་རང་རྒྱལ་གྱི་འཕྲལ་སྐྱོབ་མ་ལག་དང་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྲུན་གྱི་དགོས་མཁོ་སྐོང་ཆེད། ཞིབ་བཟོ་བྱས་པའི་ཆུ་སྐམ་གཉིས་ཀར་འཕུར་སྐྱོད་ཐུབ་པའི་གནམ་གྲུ་ཆེ་གྲས་ཤིག་ཡིན་པ་དང་། འཕུར་སྐྱོད་ཀྱི་ལྗིད་ཚད་ཆེ་ཤོས་ཏུན་60དང་། ཆུ་འབོར་ཆེ་ཤོས་ཏུན་12400 ལམ་ཐག་སྤྱི་ལེ་4500བཅས་ཡིན་པ་དང་། བདེ་འཇགས་དེ་བས་ཆེ་བ་དང་། ཆུ་འབོར་དེ་བས་མང་བ། ལམ་ཐག་དེ་བས་རིང་པོར་བསྐྱོད་ཐུབ་ཅིང་། རླབས་འགོག་ནུས་པ་ཆེ་བ་དང་ལས་སྟེགས་ཕུལ་དུ་བྱུང་བའི་འཕེལ་རྒྱས་ཀྱི་ནུས་པ་ལྡན།