འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2022ལོར་ལིས་གྱེས་རྡུལ་གློག་རྫས་ཐོན་ཚད་དུས་མཚུངས་ལས་130%འཕར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་27ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། 2022ལོར་རང་རྒྱལ་གྱི་ལིས་གྱེས་རྡུལ་གློག་རྫས་ལས་རིགས་ཀྱི་ལག་རྩལ་གསར་གཏོད་དང་ཕྱོགས་འགྱུར་རིམ་སྤོར་འཕེལ་རྒྱས་མུ་མཐུད་མགྱོགས་སུ་ཕྱིན་པ་དང་སྔོན་ཐོན་ཐོན་རྫས་མཁོ་སྤྲོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ། ལིས་གྱེས་རྡུལ་གློག་རྫས་ཐོན་ཚད་དུས་མཚུངས་ལས་130%འཕར་ནས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.2ལས་བརྒལ་ཡོད།
     ལས་རིགས་ཀྱི་བརྡ་ཁྱབ་ཚད་ལྡན་དུ་གཏོང་བའི་ཁེ་ལས་ཀྱི་ཆ་འཕྲིན་དང་ཞིབ་འཇུག་སྒྲིག་གཞིའི་ཚོད་རྩིས་ལྟར་ན། 2022ལོར་རྒྱལ་ཡོངས་ཀྱི་ལིས་གྱེས་རྡུལ་གློག་རྫས་ཐོན་ཚད་ཆུ་ཚོད་རེར་ཅི་ཝ་750ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
     2022ལོར་རྒྱལ་ཡོངས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་་སྒུལ་བྱེད་གློག་རྫས་སྒྲིག་སྦྱོར་བྱེད་ཚད་ཆུ་ཚོད་རེར་ཅི་ཝ་295ཟིན་ནས་གསོག་ནུས་ལིས་གྱེས་རྡུལ་རིམ་རྩིས་བྱས་ན་སྒྲིག་སྦྱོར་བྱེད་ཚད་130%ཡན་ཟིན་པ་དང་། རྒྱལ་ཡོངས་ཀྱི་ལིས་གྱེས་རྡུལ་གློག་རྫས་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་3426.5ཟིན་པ་དུས་མཚུངས་ལས་86.7%འཕར་ནས་ནུས་རྒྱུ་གསར་པའི་ཕན་ནུས་གསར་སྤེལ་བེད་སྤྱོད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འབྱུང་འཕྲོད་ཐཱན་ཉུང་ལ་ཕྱོགས་སྒྱུར་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།