འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་ཙུང་ཐུང་གིས་འཛམ་གླིང་དངུལ་ཁང་གི་འགོ་འཛིན་མིང་འདོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་24ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཕེང་པོ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་ཝན་ཧྲི་ཏ་གཱ་ཡི་དེ་སྔའི་དབུ་བཞུགས་ལག་བསྟར་དཔོན་ཨ་ཅེ་དབྱི·པན་ཅས་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་གི་མིང་འདོན་བྱས་ཡོད་ཅེས་བཤད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་དངུལ་ཁང་གི་ཧང་ཀྲང་གི་འོས་མི་ནི་ཨ་རིས་མིང་འདོན་པའི་འོས་མིས་ཐོག་མཐའ་བར་གསུམ་དུ་བཟུང་བ་ཞིག་ཡིན་པ་དང་། ཚོད་དཔག་བྱས་ན་ཟླ་ལྔ་པའི་ཟླ་འགོར་གཞི་ནས་མཐའ་མའི་གདམ་ག་བྱེད་སྲིད། གཟའ་འཁོར་གོང་མར་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་མིང་འདོན་བྱས་པའི་ད་ལྟ་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཏའེ་ཝུའེ·མའར་ཕ་སིས་ཟླ་དྲུག་པའི་ཟླ་མཇུག་གོང་ལས་གནས་ནས་ཁ་བྲལ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། གལ་སྲིད་ཆོག་མཆན་ཐོབ་ཚེ་པན་ཅ་ཡིས་མའར་ཕ་སི་ཡི་ཚབ་ཞུས་ནས་འཛམ་གླིང་དངུལ་ཁང་གི་གསར་དུ་བསྐོ་གཞག་བྱས་པའི་ཧང་ཀྲང་དུ་འགྱུར་རྒྱུ་རེད།