འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནའ་བོའི་རྗེས་ཤུལ་འདི་འདྲ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་23ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།གནའ་བོའི་རྗེས་ཤུལ་འདི་འདྲ་ཞིག་རྙེད་འདུག
     ཟླ་2ཚེས་22ཉིན། གསར་འགོད་པས་ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གནའ་རྫས་རྟོག་ཞིབ་མི་སྣས་ཧྲའན་ཞི་ཆིང་ཕིང་པའོ་གནའ་ཤུལ་ནས་གྲོང་མིའི་སྡོད་ཁང་དང་ཚོང་ཁང་སོགས་ཀྱི་རྗེས་ཤུལ་མཐོང་བ་དང་འབྲེལ། རིགས་གཅིག་མཁས་ཅན་གྱིས་རྗེས་ཤུལ་དེ་དག་ལས། སྐབས་དེའི་བྱང་ཕྱོགས་ཀྱི་རིག་གནས་དང་ཀྲུང་ཡོན་རིག་གནས་སྤེལ་རེས་མཉམ་འདྲེས་ཀྱི་གནས་ཚུལ་མཚོན་ཡོད་ཅེས་བཤད་པ་རེད། ཆིང་ཕིང་པའོ་ཡི་གནའ་རྫས་རྟོག་ཞིབ་ནི་ཀྲུང་གོའི་ལྕགས་རི་རིང་པོའི་གནའ་ཤུལ་ལ་གཞི་ཁྱོན་ཆེ་བའི་ཚན་རིག་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་བྱེད་ཐེངས་དང་པོ་དེ་རེད། ཉེ་བའི་ལོ་གསུམ་རིང་། གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་ཆིང་ཕིང་པའོ་གནའ་ཤུལ་ནས་ཐོག་ཁང་ལྟེ་བ་དང་། ཞན་དབྱིང་ཕོ་བྲང་། གྲོང་མིའི་སྡོད་གནས། ཚོང་ཁང་། དགོན་སྡེ་སོགས་ཀྱི་གནའ་ཤུལ་སྔོག་འདོན་བྱས་ནས་བཟོ་སྐྲུན་ལྷུ་ལག་དང་། འཚོ་བའི་ཐད་སྤྱོད་པའི་རྫ་ཆས། ཚོན་བྲིས་འཇིམ་བརྙན་སོགས་མང་པོ་ཐོན་ཡོད་པ་རེད། 
【1】  【2】
༄༅།།གནའ་བོའི་རྗེས་ཤུལ་འདི་འདྲ་ཞིག་རྙེད་འདུག