འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲང་ཞིན་ཆི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་21ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲང་ཞིན་ཆི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།
     ཧྲན་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ་ཀྲང་ཞིན་ཆི་ཡིས་ལྐོག་རྔན་བླངས་པའི་གྱོད་དོན་དེ་ཟླ་2ཚེས་20ཉིན། ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་བྱས་ནས། ཞུ་སྦྱོར་ཕྱི་མ་བ་ཀྲང་ཞིན་ཆི་ལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཐོག་ནས་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་། ཆབ་སྲིད་ཀྱི་ཁེ་དབང་ཚེ་གང་བཙན་འཕྲོག་བྱ་རྒྱུ་མ་ཟད། སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། རྒྱུ་རྔན་ཟ་ལེན་བྱས་པའི་ཉེས་བསགས་ཀྱི་ཐོབ་ཆ་དང་འཕེལ་སྐྱེད་གཉིས་ཁྲིམས་ལྟར་བདའ་འདེད་བཏང་ནས་རྒྱལ་མཛོད་ལ་འབུལ་དགོས། ཀྲང་ཞིན་ཆི་ཡིས་ཁྲིམས་ཁང་གི་དཔྱད་མཚམས་ལ་ཉན་ནས་ཁྲིམས་སར་གོང་གཏུག་མི་བྱེད་པའི་བསམ་ཚུལ་བསྟན།
     ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་དོན་དུ། 2001ལོ་ནས་2019ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཀྲང་ཞིན་ཆིས་ཀྲུང་གུང་ཝེ་ཧྥང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཝེ་ཧྥང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན། ཀྲུང་གུང་ཝེ་ཧྥང་གྲོང་ཨུའི་ཧྲུའུ་ཅི་དང་། ཀྲུང་གུང་ཆིང་ཏའོ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ། ཆིང་ཏའོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི། ཧྲན་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་པའི་གོ་གནས་ཀྱི་སྟབས་བདེར་བརྟེན་ནས་འབྲེལ་ཡོད་སྡེ་ཚན་དང་སྒེར་པར་ཁེ་ལས་གཉེར་སྐྱོང་དང་། རྣམ་གྲངས་གསར་སྤེལ། ལས་གྲྭ་སྦྲེལ་མཐུད། འཆར་འགོད་མཆན་འགོད། གོ་གནས་ལེགས་སྒྲིག་སོགས་ཀྱི་རོགས་རམ་བྱས། 2006ལོ་ནས་2021ལོའི་བར། ཀྲང་ཞིན་ཆིས་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཐོག་ནས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་སྤྲད་པའི་རྒྱུ་ནོར་ཁྲིམས་དང་འགལ་ཏེ་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.55ལྷག་ཙམ་ཟིན་ཡོད། 
     ནན་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བ་ཀྲང་ཞིན་ཆི་ཡི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་ཡོད་ཅིང་། ཁོ་པས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བ་མ་ཟད། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་པས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས་པ་རེད། གྱོད་གཞི་དེའི་རྗེས་སུ་གྱོད་གཞི་ཆེན་པོ་གཞན་དག་མྱུལ་ཞིབ་བྱས་ནས་རྩད་ཆོད་པའི་ཁུངས་སྣེ་མཁོ་འདོན་བྱས་ཤིང་། རྩད་ཞིབ་བྱས་རྗེས་དོན་དངོས་དང་མཐུན་པ་དང་བྱས་རྗེས་ཆེན་པོ་བཞག་པའི་གནས་ཚུལ་ཡོད་པ་མ་ཟད། ལྟ་ཞིབ་ལས་ཁུངས་ཀྱིས་མ་ཤེས་པའི་ལྐོག་རྔན་བླངས་པའི་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་ནས་ཉེས་གསོག་གི་དོན་དངོས་ཡོངས་རྫོགས་ཇི་མ་ཇི་བཞིན་ངོས་ལེན་དང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། བརྐུས་དངུལ་དང་བརྐུས་རྫས་ཕྱིར་སློག་དང་དེ་བཞིན་འཕེལ་སྐྱེད་ཚང་མ་བདའ་འདེད་བཏང་བ་བཅས་ལ་གཞིགས་ནས། བཅའ་ཁྲིམས་ལྟར་དེར་ཉེས་ཆད་ཡང་མོ་བཅད་ཆོག་པས། ཁྲིམས་ཁང་གིས་དཔྱད་མཚམས་གོང་གསལ་བཞིན་བཏང་།