འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཕྱིའི་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་
དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་བཅར་འདྲི་བྱེད་པར་
དགའ་བསུ་ཞུ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་18ཉིན། 18:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་དང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་2023ལོའི་ཟླ་3ཚེས་5ཉིན་དང་ཟླ་3ཚེས་4ཉིན་པེ་ཅིང་དུ་འཚོག་རྒྱུ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་གིས་གོང་ཚེས་ཉིན་ཀྲུང་ཕྱིའི་གསར་འགོད་པ་སྐབས་དེ་དུས་བཅར་འདྲིར་ཡོང་བར་དགའ་བསུ་ཞུ་གི་རེད། ཚོགས་འདུས་སྒོ་དབྱེ་དང་ཁ་གསལ་གྱི་དགོངས་དོན་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཕྱིའི་གསར་འགོད་པའི་བཅར་འདྲི་དང་འཕྲིན་སྤེལ་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཚོགས་འདུའི་བཅར་འདྲི་ནི་ཐབས་ལམ་སྣ་མང་གི་སྒོ་ནས་སྤེལ་རྒྱུ་ཡིན་ཞིང་། དེའི་ནང་ས་གནས་ས་ཐོག་གི་བཅར་འདྲི་དང་། དྲ་རྒྱའི་བརྙན་ལམ་བཅར་འདྲི། ཡིག་ཐོག་གི་བཅར་འདྲི་སོགས་ཚུད་ཡོད་པ་དང་། པེ་ཅིང་དུ་ཡོད་པའི་ཀྲུང་ཕྱིའི་གསར་འགོད་པ་ཚོགས་འདུར་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་མངའ་ཁོངས་ཕྱིའི་གསར་འགོད་པས་དྲ་རྒྱའི་བརྙན་ལམ་དང་ཡིག་ཐོག་ནས་བཅར་འདྲི་བྱེད་པར་དགའ་བསུ་ཞུ་གི་ཡིན་པ་རེད།
    ཚོགས་འདུ་གཉིས་ལ་བཅར་འདྲི་བྱེད་རེ་བྱེད་པའི་གསར་འགོད་པ་ཚང་མས་རེ་ཞུ་བྱེད་དགོས་ཤིང་། ཀྲུང་དབྱང་གསར་འགྱུར་སྡེ་ཚན་གྱི་གསར་འགོད་པས་གསར་འགྱུར་ལྟེ་གནས་ལ་རེ་ཞུ་བྱེད་དགོས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་འགོད་པས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་ལ་རེ་ཞུ་བྱེད་དགོས་པ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་འགོད་པས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་ལ་རེ་ཞུ་བྱེད་དགོས་པ། ཐའེ་དབན་ས་ཁུལ་གྱི་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་ལ་རེ་ཞུ་བྱེད་དགོས་པ། ཕྱི་རྒྱལ་གྱི་གསར་འགོད་པས་གསར་འགྱུར་ལྟེ་གནས་ལ་རེ་ཞུ་བྱེད་དགོས་པ་བཅས་རེད། གསར་འགོད་པའི་མིང་ཐོ་འགོད་མཚམས་འཇོག་དུས་ཚོད་ནི་2023ལོའི་ཟླ་2ཚེས་22ཉིན་ཡིན་པ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གསར་འགྱུར་ལྟེ་གནས་ཀྱི་དྲ་གནས་ནི་http://www.npc.gov.cnདང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གསར་འགྱུར་ལྟེ་གནས་ཀྱི་དྲ་གནས་ནི་http://www.cppcc.gov.cnཡིན། ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་དྲ་ངོས་སུ་དུས་ཐོག་དང་སྐབས་བསྟུན་ངང་ཚོགས་འདུའི་ཉིན་རེའི་གྲོས་རིམ་དང་ཚོགས་འདུའི་གྲོས་རིམ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། སྐབས་དེ་དུས་འབྲེལ་ཡོད་གསར་འགྱུར་གྱི་བཅར་འདྲིའི་བྱེད་སྒོའི་ཞིབ་ཕྲའི་བཀོད་སྒྲིག་སྔོན་ཚུད་ནས་ཁྱབ་བསྒྲགས་དང་། ཚོགས་འདུའི་ཡིག་ཆ་གཙོ་བོའི་ཀྲུང་ཕྱིའི་ཡི་གེའི་མ་ཡིག་དང་འབྲེལ་ཡོད་དཔྱད་གཞི་སོགས་མཁོ་འདོན། ཀྲུང་ཕྱིའི་གསར་འགོད་པའི་བཅར་འདྲིར་གཞོགས་འདེགས་ཧུར་ཐག བཅར་འདྲིའི་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་ཁྱབ་བསྒྲགས་བཅས་བྱེད་རྒྱུ་ཡིན་པ་རེད།