འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རང་རྒྱལ་གྱིས་ཨ་རིའི་ཀུང་སི་གཉིས་ཡིད་རྟོན་མེད་པའི་དངོས་མིང་ཐོར་བཅུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་17ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་ལུའོ་ཁེ་ཤིས་ཏེ་·མཱ་ཏིང་ཀུང་སི་དང་། ལེ་ཧྲེན་འཕུར་མདེལ་དང་འགོག་སྲུང་ཀུང་སི་ཡིད་རྟོན་མེད་པའི་དངོས་ཚན་མིང་ཐོར་བཅུག 
ཚེས་16ཉིན། ཚོང་དོན་པུས་ཡིད་རྟོན་མེད་པའི་དངོས་གཞིའི་རྩིས་ཁྲའི་ལས་དོན་ལམ་སྲོལ་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ནས། ཐའེ་ཝན་ས་ཁུལ་དུ་དམག་ཕྱིར་འཚོང་ལ་ཞུགས་པའི་ལུའོ་ཁེ་ཤིས་ཏེ་·མཱ་ཏིང་ཀུང་སི་(Lockheed Martin Corporation)དང་ལེ་ཧྲེན་འཕུར་མདེལ་དང་འགོག་སྲུང་ཀུང་སི་(Rayttheon Missilles Deense)ཡིད་རྟོན་མེད་པའི་དངོས་ཚན་མིང་ཐོར་བཅུག་པ་རེད། 
    སྤྱི་བསྒྲགས་ནང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས་》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་》སོགས་འབྲེལ་ཡོད་ཁྲིམས་ལུགས་གཞིར་བཟུང་། ཡིད་རྟོན་མེད་པའི་དངོས་གཞིའི་མིང་ཐོའི་ལས་ཀའི་ལམ་སྲོལ་གྱི་《ཡིད་རྟོན་མེད་པའི་དངོས་ཚན་རྩིས་ཁྲའི་གཏན་འབེབས་》དོན་ཚན་གཉིས་པ་དང་། དོན་ཚན་བརྒྱད་པ། དོན་ཚན་བཅུ་པ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གོང་གསལ་ཁེ་ལས་ཁག་ཡིད་རྟོན་མེད་པའི་དངོས་ཚན་རྩིས་ཁྲའི་ནང་འཇུག་རྒྱུ་དང་འབྲེལ་གཤམ་གསལ་གྱི་ཐག་གཅོད་བྱེད་ཐབས་སྤྱོད་རྒྱུ་སྟེ།
   གཅིག གོང་གསལ་ཁེ་ལས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཕྱིར་གཏོང་ནང་འདྲེན་གྱི་བྱེད་སྒོ་གཉེར་མི་ཆོག་པ་དང་། གཉིས། གོང་སྨོས་ཁེ་ལས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་མ་དངུལ་གསར་པ་འཇོག་རིགས་གཏན་འགོག་བྱ་དགོས། གསུམ། གོང་སྨོས་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣ་རྒྱལ་ཁོངས་སུ་ཡོང་མི་ཆོག བཞི། གོང་གསལ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣས་ཀྲུང་གོའི་མངའ་ཁོངས་སུ་ལས་ཀ་བྱས་ཆོག་པའི་ཆོག་འཐུས་དང་། གནས་སྡོད་དང་དེ་བཞིན་གནས་སྡོད་ཀྱི་ཐོབ་ཐང་ལ་ཆོག་མཆན་མི་སྤྲོད། ལྔ། གོང་གསལ་གྱི་ཁེ་ལས་ལ་དངུལ་ཆད་གཅོད་པ་དང་དངུལ་ཆད་གཅོད་གྲངས་《ཡིད་རྟོན་མེད་པའི་དངོས་ཚན་མིང་ཐོའི་གཏན་འབེབས་》ལག་བསྟར་བྱས་ཚུན་དུ། ཁེ་ལས་ཁག་གིས་ཐའེ་ཝན་ལ་མཚོན་ཆ་བཙོངས་དངུལ་གྲངས་འབོར་གྱི་ལྡབ་གཉིས་ཡིན་པ་རེད། 
    སྤྱི་བསྒྲགས་ནང་། གོང་གསལ་ཁེ་ལས་ཀྱིས་སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་། ཉིན་15ནང་ཚུན་དུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དངུལ་འཇལ་དགོས། དུས་ལས་ཡོལ་ཡང་གཏན་འབེབས་འདི་ལག་བསྟར་མ་བྱས་ཚེ། ཡིད་རྟོན་མེད་པའི་དངོས་ཚན་མིང་ཐོའི་ལས་ཀའི་ལམ་སྲོལ་ལ་བསྟུན་ནས། ཁྲིམས་ལྟར་ཆད་པ་གཅོད་དངུལ་སྣོན་པ་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུ་ཡིན་པ་རེད། སྤྱི་བསྒྲགས་སྤེལ་ཉིན་ནས་ལག་བསྟར་བྱ་རྒྱུ་རེད།