འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡིས་བྱ་ཐབས་བཏོན་ནས་ན་རྒས་ཅན་གྱི་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་16ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་15ཡིས་མཉམ་འབྲེལ་ཐོག《ཀན་སུའུ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ན་རྒས་ཅན་གྱི་བདེ་ཐང་འཆར་འགོད་ཀྱི་ལག་བསྟར་བྱ་ཐབས》(གཤམ་དུ《ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས་རྒན་རྒོན་གྱི་ནད་གཞི་སྔོན་འགོག་དང་བདེ་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུན་མཐུད་རང་བཞིན་གྱི་རྒན་རྒོན་སྨན་བཅོས་ཞབས་ཞུ་འཕེལ་རྒྱས་གཏོང་བ་སོགས་ཕྱོགས་6གི་ཐད་ནས་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ་རྒན་རྒོན་གྱི་བདེ་ཐང་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་དང་རྒན་རྒོན་གྱི་བདེ་ཐང་ཆུ་ཚད་མཐོ་རུ་བརྟན་པོ་བཏང་ནས་བདེ་ཐང་གི་ན་རྒས་ཅན་འཕེལ་རྒྱས་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
     《ལག་བསྟར་བྱ་ཐབས》ནང་། རྒན་རྒོན་གྱི་ནད་གཞི་སྔོན་འགོག་དང་བདེ་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒན་རྒོན་གྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་། ལུས་ནུས་ཤོར་བར(རྫི་རྡིབ་པ)ཐེ་གཏོགས། སེམས་ཁམས་ཀྱི་གཅེས་སྐྱོང་། འཚོ་བཅུད་ལེགས་གཏོང་། ཁ་ནང་གི་བདེ་ཐང་། ལུས་རྩལ་དང་འཕྲོད་བསྟེན་མཉམ་འདྲེས་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས། 2025ལོར་སླེབས་སྐབས་ལོ་65དང་དེ་ཡན་གྱི་རྒན་རྒོན་ལ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཚད་ལྡན་ཅན་གྱི་བདེ་ཐང་དོ་དམ་ཞབས་འདེགས་ཞུ་ཚད་65%ཡན་ཟིན་པ་དང་། ཀྲུང་ལུགས་གསོ་རིག་གི་བདེ་ཐང་དོ་དམ་བྱེད་ཚད་75%ཡན་ཟིན་པ། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ཞབས་འདེགས་ཞུ་ཚད་80%ཡན་ཟིན་པ་བཅས་དང་དེ་བཞིན་རྒན་རྒོན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཁྱབ་ཚད་75%ཡན་ཟིན་པ་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད།
     “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀན་སུའུ་ཡིས་རྒྱལ་ཁབ་ཀྱི་རྒན་རྒོན་ནད་གཞིའི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་ཡན་ལག་ལྟེ་གནས་སྐྲུན་པར་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་ཡོངས་ཀྱི་རྒན་རྒོན་གྱི་ནད་གཞི་སྔོན་འགོག་དང་། ནད་བརྟག་སྨན་བཅོས། ཚན་ཞིབ། སློབ་ཁྲིད་བཅས་ཀྱི་མཐོ་ས་གཏོད་རྒྱུ་དང་། རྒྱལ་ཁབ་ས་ཁོངས་ཀྱི་རྒན་རྒོན་སྨན་བཅོས་ལྟེ་གནས་1དང་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་རྒན་རྒོན་སྨན་བཅོས་ལྟེ་གནས་4བསྐྲུན་རྒྱུ་ཡིན་པ་རེད།