འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དབྱིན་ཇིས་ཡུག་རེན་ལ་དྲག་ཆས་འབོར་ཆེན་སྤྲད་པས། རང་གི་རྫས་མདེལ་ཡང་རྫོགས་ཉེར་སླེབས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་13ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཚེས་12ཉིན་དབྱིན་ཇིའི་《ཉིན་རེའི་སྦྲག་ཏར་ཚགས་པར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲུང་གི་འགྲོ་སོང་མི་འདང་བ་དང་དེ་བཞིན་ཡུག་རེན་ལ་མཚོན་ཆ་འབོར་ཆེན་མཁོ་འདོན་བྱས་པས། ད་ལྟ། དབྱིན་ཇིའི་དམག་ཕྱོགས་ལ་མི་ཤུགས་དང་། རྫས་མདེལ། གོ་མཚོན་སྒྲིག་ཆས་བཅས་ཧ་ཅང་དཀོན་པའི་གནས་སུ་སླེབས་ཡོད། དབྱིན་ཇིའི་དམག་དཔུང་ལ་ཉིན་འགའ་འམ་ཆུ་ཚོད་འགའི་རིང་རྫས་མདེལ་རྫོགས་པར་ངེས། 
   དབྱིན་ཇི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱིན་ཇི་ནི་ཨ་རིའི་རྗེས་སུ་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་མཁོ་འདོན་བྱེད་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པ་དེ་ཡིན་པ་རེད། 2022ལོར་དབྱིན་ཇིས་ཡུག་རེན་ལ་རིན་ཐང་དབྱིན་སྒོར་དུང་ཕྱུར་23(མི་དམངས་ཤོག་སྒོར་དུང་ཕྱུར་188)ཟིན་པའི་དམག་དོན་རྒྱབ་སྐྱོར་བྱས་འདུག  གཞན་ཡང་། དབྱིན་ཇིས་ཡུག་རེན་གྱི་དམག་མི་ཁྲི་1ཙམ་གསོ་སྦྱོང་བྱས་པ་དང་འབྲེལ་འདི་ལོར་སླར་ཡང་མི་ཁྲི་2གསོ་སྦྱོང་བྱ་རྩིས་ཡོད་པ་རེད།
   དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁེས་དེའི་གོང་ཡུག་རེན་ལག་“འགྲན་སློང་རྟགས་ཅན་2”གཙོ་འཐབ་ཐཱན་ཁེ་14དང་དེ་བཞིན་AS90རྟགས་ཅན་རང་འགུལ་མེ་སྒྱོགས་30ཙམ་མཁོ་འདོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དབྱིན་ཇིའི་ད་ལྟའི་དམག་ཤུགས་ནི་དུས་རབས་གོང་མའི་ལོ་རབས་80པའི་དུས་འགོའི་ཕྱེད་ཀ་ཙམ་ལས་མེད་པ་དང་། གཙོ་འཐབ་ཐཱན་ཁེའི་གྲངས་འབོར་ནི་དུས་རབས་གོང་མའི་ལོ་རབས་80པའི་དུས་འགོའི་ལྔ་ཆ་གཅིག་ཀྱང་ཟིན་གྱི་མེད།