འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་ཁྲི་1500ཙམ་ལ་འཁྱགས་མཚོའི་ཆུ་ཤོར་གྱི་ཆུ་ལོག་ཉེན་ཁ་འཕྲད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་09ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན། འཁྱགས་མཚོའི་ཆུ་ཤོར་གྱི་ཆུ་ལོག་ཉེན་ཁས་གོ་ལ་ཧྲིལ་པོར་འཇིགས་སྐུལ་གང་འདྲ་ཞིག་བཟོ་སྲིད་དམ། ཧྲི་ཕུའུ་ལིན་ཀེ་·རང་བྱུང་《རང་བྱུང་-འཕྲིན་གཏོང་》ཞེས་པར་རང་བྱུང་གནོད་འཚེའི་ཞིབ་འཇུག་དཔྱད་རྩོམ་གྱི་དཔྱད་དཔོག་གསར་ཤོས་ཤིག་སྤེལ་བའི་ནང་། གོ་ལ་ཧྲིལ་པོའི་མི་ཁྲི་1500ཙམ་ལ་འཁྱགས་མཚོའི་ཆུ་ཤོར་གྱི་ཉེན་ཁ་འཕྲད་ཡོད་ཅེས་བཀོད་འདུག 
   ཞིབ་འཇུག་དེས་ཨ་ཤེ་ཡའི་(རྒྱ་གར་དང་། ཕ་ཁི་སི་ཐན། ཀྲུང་གོ་)རི་མཐོའི་ས་ཁུལ་དང་། ཨན་ཏི་སི་རི་རྒྱུད་(ཕེ་རུ་དང་པོ་ལི་ཝེ་ཡའི་)མི་འབོར་ལ་འཇིགས་སྐུལ་ཆེ་ཤོས་འཕྲད་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད། འཁྱགས་མཚོའི་ཆུ་ཤོར་གྱི་ཆུ་ལོག་ཉེན་ཁ་འཕྲད་ཡུལ་གོ་ལ་ཧྲིལ་པོའི་ནང་ནས་མངོན་ཆེ་ཤོས་ནི་མི་འབོར་གྱི་ཕྱེད་ཀ་ལྷག་ཙམ་ཟིན་པའི་རྒྱལ་ཁབ་བཞི་པོ་རྒྱ་གར་དང་། ཕ་ཁི་སི་ཐན། ཕེ་རུ། ཀྲུང་གོ་བཅས་རེད།
     དཔྱད་རྩོམ་གྱི་འཕྲིན་སྤེལ་རྩོམ་པ་པོ་ནེའུ་ཙི་ལཱན་ཁན་ཐེ་པོ་ལེ་སློབ་ཆེན་གྱི་ཐང་མུའུ་·ལུའོ་པིན་ཤུན་(Tom Robinson)དང་། རྩོམ་པ་པོ་དང་པོ། དབྱིན་ཇིའི་ཉིའུ་ཁཱ་སིའར་སློབ་ཆེན་གྱི་ཁ་ལུའོ་ལིན་·ཐེ་ལེ་(Caroline Taylor)བཅས་ཀྱིས་མཉམ་ལས་མཁན་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཁྱག་མཚོའི་གནས་ཚུལ་དང་། མངོན་ཚད། ཉམས་ཞན་རང་བཞིན་གྱི་ས་བཀྲ་བཅས་བྲིས་ནས། 2020ལོའི་GLOFཡི་མི་མངོན་པའི་སྟོབས་ཤུགས་ཚད་འབེབས་དང་རིམ་པ་སྒྲིག་ཀྱི་ཡོད་པ་རེད། ཁོང་ཚོས་རྒྱ་གར་དང་། ཕ་ཁི་སི་ཐན། ཀྲུང་གོ། ཕེ་རུ། པོ་ལི་ཝེ་ཡཱ་བཅས་སུ་སྡོད་པའི་མི་ཚོགས་མངོན་ཚད་ཆེ་ཤོས་ཡིན་པ་ཤེས་རྟོགས་བྱུང་ཡོད།