འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ན་ནིང་ཀན་སུའུ་ཡི་ཆུ་བེད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་205ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་09ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ▶ ཆུ་བེད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་205.37ཟིན་པར། ཀྲུང་དབྱང་ནས་སྤྲད་པའི་སྒོར་དུང་ཕྱུར་61.96དང་། ཞིང་ཆེན་རིམ་པའི་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར་16.62 གྲོང་ཁྱེར་དང་རྫོང་གིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་41.46 ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་45.6 དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར་11 ཁེ་ལས་དང་དེ་བཞིན་མི་སྒེར་གྱིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་10.7 སྡེ་ཚན་གཞན་དག་ནས་བསྡུ་སྒྲིལ་བྱས་པའི་མ་དངུལ་སྒོར་དུང་ཕྱུར་18.03བཅས་ཚུད་ཡོད།
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ན་ནིང་ཀན་སུའུ་ཞིང་ཆེན་ཡོངས་ཀྱིས་ཆུ་བེད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ཁྱོན་སྒོར་དུང་ཕྱུར་205.37ཟིན་ཏེ། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་སྒོར་དུང་ཕྱུར་180ཡི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཚད་བརྒལ་བྱུང་ཞིང་། དེ་ནི་2021ལོའི་སྒོར་དུང་ཕྱུར་169.59ཡི་ལྡབ་1.2རེད།
     ཆུ་བེད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་205.37ཟིན་པར། ཀྲུང་དབྱང་ནས་སྤྲད་པའི་སྒོར་དུང་ཕྱུར་61.96དང་། ཞིང་ཆེན་རིམ་པའི་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར་16.62 གྲོང་ཁྱེར་དང་རྫོང་གིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་41.46 ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་45.6 དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར་11 ཁེ་ལས་དང་དེ་བཞིན་མི་སྒེར་གྱིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་10.7 སྡེ་ཚན་གཞན་དག་ནས་བསྡུ་སྒྲིལ་བྱས་པའི་མ་དངུལ་སྒོར་དུང་ཕྱུར་18.03བཅས་ཚུད་ཡོད་པ་རེད། ཀན་སུའུ་ཡིས་ཆུ་བེད་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པ་ཆུ་བེད་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་མཐའ་འཁྱོངས་བརྩིས་ཏེ་མ་དངུལ་དོན་འཁྱོལ་ལ་བརྩོན་ལེན་ཧུར་ཐག་བྱས་ནས་རིགས་དབྱེ་སྟེ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད། ཞིང་ཆེན་ཡོངས་ཀྱི“དམ་འཛིན་བཞི་དང་འབྲེལ་མཐུད་གཅིག”གི་ཆུ་བེད་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་པའི“སྲིད་གཞུང་+དངུལ་ཁང་+ཁེ་ལས”ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་དངུལ་ཁང་6དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། ཞིང་ཆེན་དངུལ་རྩ་ལྟ་འདོམས་ཅུས་སོགས་དང་མཉམ་དུ་ཆུ་བེད་ཀྱི་ནུས་ལྡན་མ་དངུལ་རྒྱ་ཆེར་གཏོང་བའི་མཛུབ་ཁྲིད་བསམ་འཆར་བཀྲམ་ནས་ཆུ་བེད་ཀྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་མུ་མཐུད་རྒྱ་ཆེར་བཏང་བ་རེད།