འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་རྒྱལ་ཁབ་འདིར་མཚོན་ཆ་འཚོང་རྩིས་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་08ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཕེང་པོའོ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་7ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲུང་པུའི་དཔོན་རིགས་ཀྱིས་ཨ་རིས་ཧ་ལམ་ཨ་སྒོར་དུང་ཕྱུར་100ཡི་རིན་ཐང་ལྡན་པའི་མཚོན་ཆ་འཚོང་རྩིས་ཡོད་ཅིང་། དེའི་ནང་“ཧའེ་མ་སི་”(Himars)མེ་ཤུགས་འཕུར་མདའི་འཕེན་གཏོང་ཡོ་བྱད་དང་། གནད་སྣུན་སྒུལ་བདེའི་ལས་སྟེགས་ལ་སྤྱོད་པའི་རྫས་མདེལ་ཚུད་ཡོད་ཅེས་བཤད་པ་རེད།
     གཞན་ཡང་། ཨ་རིའི་རྒྱལ་ཚོགས་ཀྱིས་ཕྱི་ཕྱོགས་དམག་དོན་ཕྱིར་ཚོང་སྒྲིག་གཞིའི་(the Foreign Military Sales program)ད་ཐེངས་ཀྱི་ཉོ་ཚོང་སྐོར་བགྲོ་གླེང་བྱས་པ་ཤེས་རྟོགས་བྱུང་ཡོད།